འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་བརྒྱད་པའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་གན་འཇོག་མ་དངུལ་
    སྒོར་དུང་ཕྱུར་1800ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ནས་23ཉིན་བར་སྐབས་བཅོ་བརྒྱད་པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་3000ལྷག་ཙམ་གྱིས་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་ནས་མ་འཇོག་འོས་སྦྱོར་གྱི་ངོ་འཕྲད་གྲོས་མོལ་བྱེད་སྒོ་ཐེངས་36སྤེལ་བ་དང་། མཉམ་ལས་རྣམ་གྲངས་353ལ་མིང་རྟགས་བཀོད་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་1800ལས་བརྒལ་ཡོད་པ་རེད།
            སྒོར་དུང་ཕྱུར་1800ཡི་གན་འཇོག་རྣམ་གྲངས་དེ་དག་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། སྒྲིག་ཆས་བཟོ་སྐྲུན། རྫས་འགྱུར་བཟོ་ལས། ཞིང་འབྲོག་ལས། དེ་བཞིན་ཐོན་ལས་ཅན་སོགས་ཐོན་ལས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད། རྣམ་གྲངས་དེ་དག་གིས་ཞིང་ཆེན་ཡོངས་ཀྱི་ཞན་ཆ་གང་མགྱོགས་གསབ་རྒྱུ་དང་། གཏིང་ཤུགས་ཆེ་རུ་གཏོང་རྒྱུ། མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ། ཚད་གཞིར་སླེབས་རྒྱུ་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།