འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་བེད་ལས་གྲྭ་གལ་ཆེན་འབད་བརྩོན་ཆེན་པོས་འཛུགས་སྐྲུན་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཆུ་མོ་ཡུན་རིང་རྒྱུག དམངས་འཚོར་ཕན་པ་ཐོབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཆུ་གྲོན་ཆུང་དང་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་ཁག་172གྱི་འཛུགས་སྐྲུན་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས་ཡུན་ནན་ཉིའུ་ལན་གཙང་པོའི་ཏེན་ཁྲི་ཆུ་ཁ་གསབ་དང་། ཅང་ཤིས་ཞ་ཅང་གཙང་པོའི་ཆུ་བེད་ལྟེ་བ། རྨ་ཆུའི་སྨད་རྒྱུད་ཀྱི་ཉེ་དུས་འབྲུབ་འགོག་བཅོས་སྐྱོང་སོགས་ལས་གྲྭ་གཙོ་བོ་ཁག་14རྩ་བའི་ཆར་ལེགས་སྒྲུབ་ཟིན་པ་དང་། བོད་ལྗོངས་ལ་ལྷོ་དང་། ཧུའུ་པེའི་བྱང་རྒྱུད་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག ཀན་སུའུ་ཡིང་ཐའོ་ཆུ་མཁོ་འདོན་གྱི་དུས་ཐེངས་གཉིས་པ་སོགས་ཀྱི་ལས་གྲྭ་གཙོ་བོ་ཕྱོགས་ཡོངས་ནས་སྐྲུན་བཞིན་ཡོད་པ་རེད། མིག་སྔའི་བར་ཆུ་བེད་ལས་གྲྭ་གལ་ཆེན་172ནང་109སྐྲུན་འགོ་ཚུགས་པ་དང་སྐྲུན་བཞིན་པའི་མ་འཇོག་གཞི་ཁྱོན་སྒོར་དུང་ཕྱུར་8000ལྷག་ཙམ་ཟིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་རྣམ་གྲངས་28ལས་འགོ་ཚུགས་པ་དང་། 2016ལོར་རྣམ་གྲངས་21ལས་འགོ་ཚུགས་ནས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱུང་ཡོད། འདི་ལོའི་ཟླ་5པའི་ཟླ་མཇུག་བར་མཆན་འགོད་བཀའ་ལན་ཐོབ་ནས་ཞིབ་འཇུག་བྱེད་ཆོག་པའི་སྙན་ཞུ་9ཡོད་པ་དང་། ཆུ་བེད་ལས་གྲྭ་གལ་ཆེན་ལ་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་600གཏོང་རྒྱུའི་ནང་སྒོར་དུང་ཕྱུར་575གཤམ་གཏོང་བྱས་པས་གཤམ་གཏོང་བྱེད་ཚད་98.5%ཟིན་ཏེ། ན་ནིང་གཤམ་གཏོང་བྱས་པའི་དུས་ཚོད་ལས་ཟླ་1ཙམ་གྱིས་སྔ་སྣུར་བྱུང་ཡོད། མིག་སྔར་ཧྲན་ཤིས་དབུས་རྒྱུད་ཀྱི་རྨ་ཆུ་འདྲེན་པའི་ཆུ་ཁོངས་ལས་གྲྭ་དང་། ཡུན་ནན་ཁྲེ་མ་པི་ཆུ་མཛོད། ཅང་ཤིས་ཕྱོགས་བཞིའི་ཁྲོན་པའི་ལྟེ་བའི་ལས་གྲྭ་བཅས་རྣམ་གྲངས་3སྐྲུན་འགོ་ཚུགས་པ་རེད།
          ཆུ་བེད་ལས་གྲྭ་གལ་ཆེན་གྱི་ཆུ་མཁོ་འདོན་དང་། ཆུ་གྲོན་ཆུང་། ཆུ་གཏོང་བ། ཆུ་ལོག་སྔོན་འགོག ཆུ་ཐོག་སྐྱེལ་འདྲེན། གློག་གཏོང་སོགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཆུ་བེད་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་སོང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར“ཆུའི་འདེགས་སྐྱོར”མཁོ་འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།