འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་སྦྲེལ་མཐུད་ཧུར་ཐག་བྱས་པས་ཟླ་དང་པོ་
    ནས་ལྔ་པའི་བར་ཕྱི་ཕྱོགས་ཚོང་དོན་བཅུ་ཆ་དགུ་ཙམ་འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྷ་ས་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་བོད་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་29.6ཟིན་པ་དེ་དུས་མཚུངས་ལས་86.5%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་10.9བྱས་པ་དེ་2.1%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་18.7བྱས་པ་དེ་ལྡབ་2.6འཕར་ཡོད།
            ལྷ་ས་འགག་སྒོས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་ཟླ་དང་པོ་ནས་ལྔ་པའི་བར་བོད་ཀྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་20.6ཟིན་ནས་ལྡབ་2.8འཕར་བ་དེས་བོད་ཀྱི་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་ནང་69.6%བཟུང་སྟེ་ཤུགས་ཆེན་འཕར་བ་མངོན་ཡོད། ཚོང་དོན་གྱི་དོ་སྙོམས་རང་བཞིན་ནས་བལྟས་ན། བོད་ལྗོངས་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་སོགས་ཀྱི་ཤུགས་རྐྱེན་ཕོག་པ་དང་ལྷག་པར་དུ་བོད་ཀྱི་མཁའ་འགྲུལ་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་བའི་རྐྱེན་གྱིས་མཁའ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་ལ་བརྟེན་པའི་ནང་འདྲེན་བརྟན་པོའི་ངང་འཕར་བ་དང་ནང་འདྲེན་གྱི་འཕར་ཚད་དེ་ཕྱིར་གཏོང་ལས་ཆེས་མང་དུ་སོང་ནས་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་7.8ཟིན་ཡོད།
           ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་ནས་བཟུང་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་གྱུར་འཕར་བ་ནི་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི“མཉེན་མཁྲེགས་ཁོར་ཡུག”སྔར་བས་ལེགས་སུ་བཏང་བ་ལས་ཕན་པ་ཐོབ་པ་ཞིག་རེད། “མཉེན་ཆས་ཁོར་ཡུག”ནི་བོད་ཀྱིས་མཐའ་མཚམས་ཚོང་དོན་ཁྲོམ་ར་དང་མཐའ་མཚམས་གྲོང་མིའི་ཚོང་སྦྲེལ་བྱ་ཡུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང“མཐའ་དར་དམངས་ཕྱུག”གི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། 《བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་འཆར་འགོད་》མུ་མཐུད་བཏོན་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
           “མཁྲེགས་ཆས་ཁོར་ཡུག”ངོས་ནས་བརྗོད་ན། ལྷ་ས་འགག་སྒོས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་མཉམ་ལས་ཁུལ་དང་། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་དང་ལེན་ཧུར་ཐག་བྱེད་པ་དང་དེ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ནེའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང“ཕན་ཚུན་གསུམ”(ཆ་འཕྲིན་ཕན་ཚུན་བརྗེ་རེས་དང་། ལྟ་སྐུལ་དོ་དམ་ཕན་ཚུན་ཁས་ལེན། ཁྲིམས་འཛིན་ཕན་ཚུན་རོགས་རེས)གྱི་ལས་ཆོད་ཆེ་བའི་འགག་སྒོ་དང་། “སྐར་ཁུང་གཅིག”གི་འགག་སྒོ། ཞིབ་བཤེར་མཉམ་ལས་ཀྱི“གཅིག་རེ་གསུམ”(འདུན་ཞུ་ཐེངས་གཅིག་དང་། དཔྱད་བཤེར་ཐེངས་གཅིག གཏོང་ཐེངས་གཅིག)རྒྱལ་ཡོངས་ཀྱི་འགག་སྒོ་གཞི་གཅིག་ཅན་སྒྱུར་བཅོས་སོགས་ཀྱི་རྣམ་གྲངས་དོན་འཁྱོལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།