འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འབོ་གསེར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གི་ཚོགས་འདུ་ཐེངས་གསུམ་པ་ཐེན་
    ཅིན་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན་འབོ་གསེར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གི་ཚོགས་འདུ་ཐེངས་གསུམ་པ་ཐེན་ཅིན་དུ་འཚོགས་པ་དང་། ཁོར་ཡུག་སྲུང་སྐྱོང་པུའི་ཏང་ཙུའི་ཧྲུའུ་ཅི་ལི་ཀན་ཅེ་ཕེབས་པ་དང་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
            ལི་ཀན་ཅེས་ཀྲུང་གོ་སྲིད་གཞུང་གིས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆེས་ནན་ཤོས་ཀྱི་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ཤུགས་ཆེན་བྱས་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་བཏང་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་སྦགས་བཙོག་བཅས་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཆེན་པོ་གསུམ་ལག་བསྟར་བྱས་ཤིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་སྲུང་སྐྱོང་ཆེ་མོར་ཐུན་མོང་ཐོག་དམ་འཛིན་བྱས་ནས་གསར་སྤེལ་ཆེ་མོ་མི་བྱེད་པ་དང་། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱེད་པ་དང་དེ་བས་ནན་པའི་བཅའ་ཁྲིམས་ཀྱི་མ་ལག་བཙུགས་པས། ལྗང་མདོག་འཕེལ་རྒྱས་ལ་ཐོག་མར་ཕན་འབྲས་ཐོན་པ་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཅུང་ལེགས་སུ་ཕྱིན་ཡོད་ཅེས་བསྟན་པ་རེད།
          ལི་ཀན་ཅེས་ད་དུང་ཀྲུང་གོ་སྲིད་གཞུང་གིས་ལྗང་མདོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་ཁྱབ་གདལ་བཏང་ནས། འབོ་གསེར་རྒྱལ་ཁབ་གཞན་དག་ལྗང་མདོག“རྒྱུད་གཅིག་ལམ་གཅིག”གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཉམ་ལས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། རེ་སྒུག་ཡང་ཆེན་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
          ཚོགས་འདུའི་ཐོག་འབོ་གསེར་རྒྱལ་ཁབ་གཞན་དག་གི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་དང་དེ་བཞིན་འཐུས་མི་ཚོགས་པའི་ཚོགས་གཙོས་སོ་སོའི་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། འཛམ་གླིང་རང་བཞིན་གྱི་ཁོར་ཡུག་གི་གནད་དོན་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་གྲོས་འགོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་སྲུང་སྐྱོང་ཧྲུའི་ལག་བསྟར་ཀྲུའུ་རེན་ཨའེ་ལི་ཁེ·སུར་ཧའེ་མུའུ་ཡིས་གཏམ་བཤད་སྤེལ་ནས་འབོ་གསེར་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་རྒྱབ་སྐྱོར་དང་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོར་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གི་ཚོགས་འདུ་ཐེངས་དང་པོ་ཡིན་པ་དང་། དེའི་དམིགས་ཡུལ་ནི་2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་དགུ་པའི་བརྗོད་དོན་གཙོ་བོ་སྟེ“འབོ་གསེར་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་ནས་དེ་བས་འོད་སྟོང་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་པ་དེ་དང་ལེན་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་མུ་མཐུད་གཏིང་ཟབ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།
           ཚོགས་འདུའི་ཐོག་《འབོ་གསེར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གི་ཚོགས་འདུ་ཐེངས་གསུམ་པའི་ཐེན་ཅིན་གྱི་གསལ་བསྒྲགས་》སྤེལ་བ་དང་། 《འབོ་གསེར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་གྱི་མཛའ་གྲོགས་འབྲེལ་བའི་གྲོས་འགོར་》གྲོས་འཆམ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།