འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱི་དམངས་ཡོངས་ལུས་སྦྱོང་གིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཁྲོད་ནས་སྙིང་བཅུད་བསྡུ་ལེན་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། དབྱར་ཟླ་དང་པོའི་ཞོགས་པ་ཞིག་ལ་ལྷ་ས་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ལོ་61ལ་སླེབས་པའི་ལྷ་ས་གྲོང་ཁྱེར་སྔགས་པ་གླིང་ཁ་སྡེ་ཁུལ་ལུས་སྦྱོང་རུ་ཁག་གི་རུ་དཔོན་འཛོམས་སྐྱིད་ཀྱིས་ལུས་རྩལ་སློབ་ཁྲིད་སྟེགས་བུའི་ཐོག་གི་དགེ་རྒན་དང་མཉམ་དུ་རོལ་དབྱངས་ཀྱི་འགྱུར་ཁུག་དང་སྦྲགས་ཏེ་ཞབས་བྲོ་འཁྲབ་ནས་ལོ་འདིའི་བོད་ཀྱི་རིམ་པ་དང་པོའི་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་བཞིན་ཡོད།
         འཛོམས་སྐྱིད་ཀྱི་ལུས་སྦྱོང་རུ་ཁག་ནང་མི་50ལྷག་ཙམ་ཡོད་པ་དང་ཁོང་གིས་ཉིན་ལྟར་རུ་མིའི་སྣེ་ཁྲིད་དེ་ཞབས་བྲོ་འཁྲབ་ནས་ལུས་སྦྱོང་བྱེད་ཀྱི་ཡོད། བོད་དུ་འཛོམས་སྐྱིད་དང་འདྲ་བའི་ལུས་སྦྱོང་རྩལ་ནུས་སློབ་ཁྲིད་དང་ལུས་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་3500ལྷག་ཙམ་ཡོད།
         བོད་དུ་ས་བབ་མཐོ་བ་དང་གསོ་རླུང་དཀོན་པས་ཤུགས་ཆེའི་ལུས་རྩལ་རྩེད་རྒྱུ་འཚམ་པོ་མེད་པའི་ཁར་དེང་རབས་ཀྱི་ལུས་རྩལ་རྣམ་གྲངས་ཀྱང་ཁྱབ་གདལ་བྱུང་བའི་དུས་ཚོད་ཕྱི་པོ་རེད། "འདི་ལྟར་ཡིན་ནའང་བོད་མི་རིགས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ལུས་རྩལ་སྲོལ་རྒྱུན་ཡོད། གླུ་ལེན་གར་འཁྲབ་བྱང་ཆུབ་པ་དང་རྟ་བཞོན་ནས་མདའ་འཕེན་མཁས་པ་ནི་སྔར་ནས་བཟུང་བོད་རིགས་མི་དམངས་ཀྱི་མཚོན་རྟགས་གྲས་ཤིག་རེད། སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པའི་ལས་དོན་མང་ཚོགས་ཀྱིས་དང་ལེན་ཐུབ་པ་བྱ་ཆེད། ང་ཚོས་སྲོལ་རྒྱུན་ལུས་རྩལ་ཁྲོད་ནས་སྙིང་བཅུད་བསྡུ་ལེན་བྱ་རྒྱུའི་ཐག་བཅད་པ་ཡིན"ཞེས་བོད་ལྗོངས་ལུས་རྩལ་ཅུས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་སྤེན་པ་མཚམས་གཅོད་ཀྱིས་བཤད།
         ན་ནིང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སོགས་ཚན་པས་ཆེད་མངགས་བོད་དུ་རིག་རྩལ་རྒྱུ་ཆ་འཚོལ་བསྡུ་བྱེད་པར་ཡོང་བ་དང་ས་ཁུལ་ཁག་གི་ཞིང་འབྲོག་ཁུལ་གྱི་མི་རིགས་ཞབས་བྲོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བོད་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་ཞབས་བྲོ་ཁག་4བརྩམས་ནས་རང་སྐྱོང་ལྗོངས་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་ལ་ཁྱབ་གདལ་བཏང་བ་རེད།
         མིག་སྔར་བོད་ཀྱིས"འདམ་སྤྱི་རིམ"རྟ་རྒྱུག་འགྲན་བསྡུར་དང་། ནག་ཆུའི་བྱང་ཐང་འཆར་ཅན་རྟ་རྒྱུག་སྒྱུ་རྩལ་དུས་ཆེན། གཞིས་རྩེ་པ་སྣམ་གཡག་རྡུང་དུས་ཆེན་སོགས་སྲོལ་རྒྱུན་མི་རིགས་ལུས་རྩལ་འགྲན་བསྡུར་ཁག་ཅིག་བཏོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།