འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎ཞི་བདེའི་སླད་དུ་ཡིན་པ་ནམ་ཡང་བློ་ལ་བརྟན་པོར་ངེས།

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མི་ཚུད་པའི་གཞུང་དོན་ཆེད་རང་སྲོག་ཤོར་བའི་ཞི་བདེ་སྲུང་སྐྱོང་མི་སྣར་བྱས་རྗེས་གཟེངས་རྟགས་རྗེས་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་མི་སྣའི་ཉིན་མོ་ཡིན་ཞིང་། ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་དྲན་གསོའི་མཛད་སྒོ་གཟབ་རྒྱས་གཉེར་ནས་ཞི་བདེའི་ཆེད་དུ་རང་སྲོག་དོར་བའི་ཞི་བདེ་སྲུང་སྐྱོང་མི་སྣར་དྲན་གསོ་ཞུས་པ་མ་ཟད། ཧྲེན་ལེང་ལེང་དང་། ལི་ལེ། ཡང་ཧྲུའུ་ཕོང་བཅས་རང་སྲོག་དོར་བའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མི་3ཚུད་པའི་གཞུང་དོན་ཆེད་རང་སྲོག་ཤོར་བའི་ཞི་བདེ་སྲུང་སྐྱོང་མི་སྣར་ཏ་ཀེ·ཧ་མཱ་ཧྲེར་ཏེའི་བྱས་རྗེས་གཟེངས་རྟགས་རྗེས་སྤྲོད་བྱས་པ་རེད།
         "ན་ནིང་རྒྱལ་ཁབ་43གྱི་དམག་དོན་དང་། ཉེན་རྟོག དམངས་དོན་བཅས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣ་117གཞུང་དོན་ཆེད་རང་སྲོག་ཤོར་ཡོད། 1948ལོ་ནས་བཟུང་ཞི་བདེ་སྲུང་སྐྱོང་མི་སྣ་3500ལྷག་ཙམ་གྱིས་མི་གཞན་སྐྱོབ་ཆེད་རང་སྲོག་དོར་ཡོད"ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་རྗེས་གཏམ་བཤད་གནང་ནས"ང་ཚོ་མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུས་ཏེ་ཁོང་རྣམས་ལ་དྲན་གསོ་ཞུ"ཞེས་གསུངས་པ་རེད།
         དེ་རྗེས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཁང་ནང་རྒྱལ་ཁབ་ཁག་གི་རང་སྲོག་ཤོར་བའི་ཞི་བདེ་སྲུང་སྐྱོང་མི་སྣར་བྱས་རྗེས་གཟེངས་རྟགས་རྗེས་སྤྲོད་བྱེད་པའི་མཛད་སྒོ་འཚོགས་པ་རེད།
         ཀྲུའུ་ཞི་སྡིངས་ཆའི་མདུན་དུ། སྒྲོག་ཁེབས་སྔོ་ནག་སྟེང་ཏ་ཀེ·ཧ་མཱ་ཧྲེར་ཏེ་བྱས་རྗེས་གཟེངས་རྟགས་བླུགས་པའི་སྒམ་ཆུང་སྔོ་དཀར་གྲལ་སྟར་སྒྲིག་པོས་བཞག་ཡོད་པ་དང་། དེའི་ནང་གི་ཆུ་ཤེལ་གྱི་བྱས་རྗེས་གཟེངས་རྟགས་ལས་ཞི་བདེའི་བྱ་གཞག་ཆེད་རང་སྲོག་དོར་བའི་ཞི་བདེ་སྲུང་སྐྱོང་མི་སྣའི་སྟོབས་ཤུགས་དང་། ལྷད་མེད། དེ་བཞིན་ཚེ་སྲོག་གི་ཉམ་ཆུང་བཅས་མཚོན་གྱི་ཡོད། "དེ་རིང་རྗེས་སྤྲོད་བྱ་རྒྱུའི་བྱས་རྗེས་གཟེངས་རྟགས་དེ་ངའི་སྔོན་གྱི་ལས་ཐོག་དྲུང་ཆེ(མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལས་ཐོག་གཉིས་པ)ཏ་ཀེ·ཧ་མཱ་ཧྲེར་ཏེའི་མིང་བཏགས་ནས་བྱུང་བ་ཞིག་རེད། ཁོང་ཡང་བྱས་རྗེས་གཟེངས་རྟགས་འདི་ཐོབ་པའི་མི་རྣམས་དང་འདྲ་བར་ཞི་བདེའི་བྱ་གཞག་ཆེད་རང་སྲོག་དོར་བ་ཞིག་རེད"ཅེས་ཀུའུ་ཐེ་ལེ་སིས་མཛད་སྒོ་མ་འཚོག་གོང་དེ་ལྟར་གསུངས།
         མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལིའུ་ཅེ་དབྱི་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་འཐུས་མི་ཚོགས་པའི་དམག་དོན་ཚན་མོའུ་ཚོགས་པའི་ཐོན་ཀྲང་ཧྲའོ་ཅང་དམག་དཔོན་ཧོང་ཞོལ་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་ཚབ་ཞུས་ཏེ་ཀུའུ་ཐེ་ལེ་སི་དང་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལ་ཁེ་ལུའུ་ཝའི་ཕྱག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧྲེན་ལེང་ལེང་དང་། ལི་ལེ། ཡང་ཧྲུའུ་ཕོང་བཅས་ལ་སྤྲད་པའི་བྱས་རྗེས་གཟེངས་རྟགས་བླངས་པ་རེད། ཀུའུ་ཐེ་ལེ་སི་དང་ལ་ཁེ་ལུའུ་ཝ་ཡིས་ཁོང་ཚོ་སྟབས་མ་ལེགས་པར་རང་སྲོག་ཤོར་བར་མྱ་ངན་ཟབ་མོ་ཞུས་པ་མ་ཟད། དཔའ་བོའི་ནང་མིར་མཛའ་བརྩེའི་འཚམས་འདྲིའང་ཞུས་པ་རེད།
         ལིའུ་ཅེ་དབྱིས་མ་ལི་དང་ལྷོ་སུའུ་ཏན་དུ་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མི་ཧྲེན་ལེང་ལེང་དང་། ལི་ལེ། ཡང་ཧྲུའུ་ཕོང་བཅས་2016ལོར་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་སྐབས་སྟབས་མ་ལེགས་པར་འཇབ་རྒོལ་ཕོག་ནས་རང་སྲོག་ཤོར་ཏེ་རྒྱལ་སྤྱིའི་ཞི་བདེའི་བྱ་གཞག་ཆེད་ལོ་ན་ཆུང་བའི་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། ཁོང་ཚོའི་འགན་འཁྲི་གོང་དུ་བཀུར་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ལས་གནས་བརྟན་སྲུང་བྱེད་བཞིན་པའི་རྒྱལ་ཁབ་ཁག་གི་དམག་མིར་ལྕག་སྐུལ་ཐེབས་དང་ཐེབས་མུས་ཡིན། ཀྲུང་གོས་སྔར་རྒྱུན་བཞིན་རྒྱལ་སྤྱིའི་ཞི་བདེའི་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་གཞག་ལ་གཞོལ་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་གཡོ་འགུལ་ཐེབས་མི་སྲིད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་ཞུ་བའི་ཁས་ལེན་བརྟན་པོའང་འགྱུར་ལྡོག་གཏོང་མི་སྲིད་ཅེས་གསུངས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་མི་སྣའི་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་2002ལོར་བཙུགས་པ་ཞིག་ཡིན་པ་དང་། ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་དེ་སྔ་ཞུགས་མྱོང་བ་དང་ད་ལྟ་ཞུགས་བཞིན་པའི་མི་སྣའི་མཆོག་ཏུ་གྱུར་པའི་ལས་རིགས་ཀྱི་ཀུན་སྤྱོད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་བློ་སྟོབས་ལ་གཟེངས་བསྟོད་བྱེད་པ་མ་ཟད། ཞི་བདེའི་བྱ་གཞག་ཆེད་རང་སྲོག་དོར་བའི་མི་སྣར་མྱ་ངན་ཡང་ཞུ་གི་ཡོད། ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཆེད་མངགས་དྲན་གསོའི་བྱེད་སྒོ་སྤེལ་གྱི་ཡོད།
    མིག་སྔར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་སུ་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཆེད་མངགས་ཐོན་16བཏང་ཡོད་པ་དང་ཞི་བདེ་སྲུང་སྐྱོང་མི་སྣ་ཁྲི་12ལྷག་ཙམ་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་གཞག་ལ་གཞོལ་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་གཡོ་འགུལ་ཐེབས་མི་སྲིད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་ཞུ་བའི་ཁས་ལེན་བརྟན་པོའང་འགྱུར་ལྡོག་གཏོང་མི་སྲིད་ཅེས་གསུངས་པ་རེད།
         མིག་སྔར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་སུ་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཆེད་མངགས་ཐོན་16བཏང་ཡོད་པ་དང་ཞི་བདེ་སྲུང་སྐྱོང་མི་སྣ་ཁྲི་12ལྷག་ཙམ་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།