འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་དངུལ་རྩ"སྦྲེལ་མཐུད"ཐུབ་ཚད་
    མགྱོགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་དངུལ་རྩ"སྦྲེལ་མཐུད"ཐུབ་ཚད་མགྱོགས་སུ་ཕྱིན་ཡོད་ཅིང་། ཟླ་4པའི་ཟླ་མཇུག་བར། བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་རྩིས་གཞིའི་དངུལ་སྒོར་དང་ཕྱི་རྒྱལ་གྱི་དངུལ་ལོར་གྱི་དངུལ་བུན་ལྷག་གྲངས(འབོར་ཉུང་དངུལ་བུན་ཀུང་སི་ཚུད)སྒོར་དུང་ཕྱུར་3387.64(མི་དམངས་ཤོག་སྒོར། གཤམ་དུ་གཅིག་མཚུངས)ཟིན་ནས་དུས་མཚུངས་ལས་40.36%འཕར་ཏེ་བོད་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་དངུལ་བུན་གཡར་ཚད་ཀྲུང་གོའི་ཨང་དང་པོར་སླེབས་ཡོད་པ་རེད།
         བོད་ཀྱི་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་དངུལ་ཁང་གི་རྒྱབ་སྐྱོར་དབར་འབྲེལ་བ་དམ་ཟབ་ཡོད་ཅིང་། ཟླ་4པའི་ཟླ་མཇུག་བར། བོད་ཀྱི་ཁེ་ལས་འབྲིང་གྲས་ཀྱི་དངུལ་བུན་གཡར་བའི་ལྷག་གྲངས་སྒོར་དུང་ཕྱུར་1025.19ཟིན་ནས་དུས་མཚུངས་ལས་103.85%འཕར་བ་དང་། ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་གཡར་བའི་ལྷག་གྲངས་སྒོར་དུང་ཕྱུར་828.67ཟིན་ནས་དུས་མཚུངས་ལས་96.68%འཕར་བ། ཁེ་ལས་ཆེས་ཆུང་གྲས་ཀྱི་དངུལ་བུན་གཡར་བའི་ལྷག་གྲངས་སྒོར་དུང་ཕྱུར་87.07ཟིན་ནས་དུས་མཚུངས་ལས་33.34%འཕར་ཡོད། དེ་དང་ཆབས་ཅིག་བོད་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་དངུལ་བུན་ལྷག་གྲངས་2011ལོ་ལས་ལྡབ་13འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་60%ལྷག་ཙམ་ཟིན་གྱི་ཡོད་པ་རེད།
         ཀྲུང་ཤིན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་ཁུར་བས་བརྗོད་པར་གཞིགས་ན། བོད་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་སོགས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྣ་མང་ཅན་དང་རྙོག་འཛིང་ཅན་གྱི་འཕེལ་ཚུལ་ཐོན་ཞིང་། ཀྲུང་ཤིན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཉེ་ལམ་ལོ་ཤས་རིང་འབྲེལ་ཡོད་དངུལ་རྩའི་ཐོན་རྫས་ཀྱིས་ཁེ་ལས་འབྲིང་གྲས་དང། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་ཁེ་ལས་ཀྱིས་མ་དངུལ་བསྡུ་སྒྲིལ་བྱེད་རྒྱུར་རོགས་སྐྱོར་བྱས་ཡོད། "དཔེར་ན། ན་ནིང་ངེད་དངུལ་ཁང་གིས་ཁེ་ལས་ཁག་གཅིག་ལ་ཚད་དང་མཐུན་པའི་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོས་ནས་ཉིན་7ཙམ་ནང་ཁེ་ལས་དེ་དག་ལ་ཨ་སྒོར་ཁྲི་1398ཙམ་གྱི་རྒྱལ་སྤྱིའི་ཡིད་རྟོན་ལག་ཁྱེར་གཉེར་ནས་ཁེ་ལས་ཀྱིས་ཕྱི་རྒྱལ་ལ་སྒྲིག་ཆས་ཕྱིར་གཏོང་བྱེད་དགོས་ཀྱང་ཉམས་མྱོང་མེད་པའི་དཀའ་གནད་བསལ་ཡོད"ཅེས་བརྗོད།
         མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འགན་ཁུར་བས་དངུལ་རྩའི་སྒྲིག་གཞིས་མུ་མཐུད་ལྟ་བར་འགྱུར་ལྡོག་བཏང་ནས་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་འཕེལ་རྒྱས་འགྲོ་ཆེད་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་དངུལ་རྩའི་ཞབས་འདེགས་སྔར་བས་ལེགས་པ་ཞུ་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།