འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་རིའི་རྒྱལ་སྤྱིའི་སྤུས་རྟགས་དབང་བསྐུར་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོའི་རིག་གནས་ཀྱི་
    ཉམས་འགྱུར་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གྲོང་ཁྱེར་ལཱ་སི་ཝུའེ་ཅ་སིར་གཉེར་བའི་ཨ་རིའི་རྒྱལ་སྤྱིའི་སྤུས་རྟགས་དབང་བསྐུར་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོའི་རིག་གནས་རྟེན་རྫས་བཤམས་མཛོད་སྒྲིག་གཞི་དང་རིག་གནས་གསར་གཏོད་ཁེ་ལས་མང་པོ་ཞིག"ཀྲུང་གོའི་རིག་གནས་སྒྱུ་རྩལ་དབང་བསྐུར"གྱི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དུ་མངོན་པ་དང་། ཚེས་24ཉིན་གཉེར་བའི"ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་དབང་བསྐུར་མཉམ་སྤྱོད་འདུ་ཚོགས"དེས་ལྟད་མོ་བ་མང་པོའི་ཡིད་དབང་རབ་ཏུ་འཕྲོག་ཡོད་པ་རེད།
         ཨ་རིའི་རྒྱལ་སྤྱིའི་སྤུས་རྟགས་དབང་བསྐུར་དངོས་མང་སྟོན་ཚོགས་དེ་ཚེས་23ཉིན་འགོ་ཚུགས་པ་དང་། ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། ཏུན་ཧོང་ཞིབ་འཇུག་ཁང་། ཀྲུང་གོ་ཞིང་ལས་རྟེན་རྫས་བཤམས་མཛོད་ཁང་། པེ་ཅིང་ལུའུ་ཤུན་རྟེན་རྫས་བཤམས་མཛོད་ཁང་། ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་། ཁྲེང་ཏུའུ་ཏུའུ་ཕུའུ་དབེན་གནས་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྲུང་གོའི་གཙོ་གནད་རྟེན་རྫས་བཤམས་མཛོད་ཁང་དང་དེ་བཞིན་རིག་གནས་རྟེན་རྫས་བཤམས་མཛོད་སྒྲིག་གཞི་མང་པོ་ཞིག་སྟོན་ཚོགས་ནང་ཞུགས་ཡོད་པ་རེད།
         པེ་ཅིང་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་གཉེར་སྐྱོང་དོ་དམ་ཁྲུའི་ཁྲུའུ་ཀྲང་དབྱང་ཞའོ་པོས་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་གིས་སྟོན་ཚོགས་ལ་ཞུགས་རྒྱུར་འཁྱེར་བའི་རིགས་9ཡི་ཐོན་རྫས་སྣ་ཁ་129ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱལ་སྤྱིའི་ཐོག་ཁས་ལེན་ཐོབ་པ་དེ་ནི་མི་རྣམས་སྤོབས་པ་སྐྱེས་འོས་པ་ཞིག་རེད་ཅེས་བཤད།
         རྒྱལ་སྤྱིའི་དབང་བསྐུར་ལས་རིགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁྲ་ལི་སི·ལེའོ་ཐུའོ་ཡིས"ཀྲུང་གོའི་རིག་གནས་ཐོན་རྫས་ཀྱི་ཇུས་འགོད་རྩེར་སོན་ཡིན་པ་དེ་ཐོག་ནས་ཆུ་ཚད་མཐོ་ཤོས་མངོན་གྱི་ཡོད། ཀྲུང་གོའི་རྟེན་རྫས་བཤམས་མཛོད་ཁང་འགའ་ཤས་ཀྱིས་དེང་རབས་ཅན་གྱི་ཚན་རྩལ་བྱེད་ཐབས་སྤྱད་དེ་འཛམ་གླིང་ལ་ཀྲུང་གོའི་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་རིག་གནས་འགྲེམས་སྟོན་བྱས་ནས་འཛམ་གླིང་ས་གནས་ཁག་གི་ན་གཞོན་དེ་བས་མང་བས་དོ་ཁུའི་བྱེད་རྒྱུའི་ཡིད་དབང་འཕྲོག་ཡོད"ཅེས་བཤད།
         དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་མཐོ་རིམ་སྤྱི་ཁྱབ་ཅེ་ཤི་ཁཱ·པུའུ་ལུའུ་ཡིས་དེ་ནི་ཀྲུང་གོའི་རིག་གནས་རྟེན་རྫས་བཤམས་མཛོད་སྒྲིག་གཞི་དང་རིག་གནས་གསར་གཏོད་ཁེ་ལས་ཨ་རིའི་རྒྱལ་སྤྱིའི་སྤུས་རྟགས་དབང་བསྐུར་དངོས་མང་སྟོན་ཚོགས་ཐོག་སླར་ཡང་གཅིག་སྡུད་ཐོག་མངོན་པ་ཞིག་རེད། དེ་གོང་དང་བསྡུར་ན་ཀྲུང་གོའི་འགྲེམས་ཁུལ་སྔར་བས་མཛེས་སྡུག་ལྡན་ལ། བློ་འདྲི་བྱེད་པར་ཡོང་མཁན་ཚོང་ཤག་དེ་བས་མང་པ་འདུག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།