འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་ཟོག་འདྲེན་མེ་འཁོར་གྱི་འཁོར་སྒྲོམ་ཨ་ཀེན་ཐིན་དུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་ཨ་ཀེན་ཐིན་འགྲིམ་འགྲུལ་པུས་སྤྱི་བསྒྲགས་སྤེལ་ཏེ་ཨ་ཀེན་ཐིན་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཟོག་འདྲེན་མེ་འཁོར་གྱི་འཁོར་སྒྲོམ་གསར་པ་156རྩིས་བླངས་པ་དང་། འཁོར་སྒྲོམ་གསར་པ་དེ་དག་བེད་སྤྱོད་བྱས་པ་ལས་ཨ་ཀེན་ཐིན་གྱི་ཟོག་འདྲེན་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་སོང་ནས་ས་ཁོངས་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད་པ་རེད།
         སྤྱི་བསྒྲགས་ནང་ཀྲུང་གོ་ནས་ནང་འདྲེན་བྱས་པའི་འཁོར་སྒྲོམ་གསར་པ་དེ་དག་མི་རིང་བར་ཟོག་འདྲེན་མེ་འཁོར་ཐོག་སྤྱོད་རྒྱུ་རེད། དེའི་ནང་འཁོར་སྒྲོམ་122པེ་པེའར་ཀེ་ལ་ནུའོ་ལམ་ཐིག་ཐོག་སྤྱོད་རྒྱུ་དང་ལམ་ཐིག་དེས་ཨ་ཀེན་ཐིན་བྱང་རྒྱུད་ཀྱི་ཞིང་ཆེན་གཙོ་བོ་དག་འབྲེལ་མཐུད་ཐུབ་པ་དང་། དེ་བྱིངས་ཀྱི་འཁོར་སྒྲོམ་34ཧྲེང་མ་ཏིང་ལམ་ཐིག་ཐོག་སྤྱོད་རྒྱུ་དང་ལམ་ཐིག་དེས་ཨ་ཀེན་ཐིན་གྱི་ནུབ་ཕྱོགས་དང་ཤར་ཕྱོགས་འབྲེལ་མཐུད་ཐུབ་པ་དང་མཐའ་མའི་བབས་ཚུགས་ནི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སི་ཡིན་པ་རེད།
         ས་གནས་དེའི་དུས་ཚོད་ཚེས་24ཉིན་གྱི་ཕྱི་དྲོ་ཀྲུང་གོ་ནས་ནང་འདྲེན་བྱས་པའི་འཁོར་སྒྲོམ་གསར་པ་དེ་དག་པུ་དབྱི་ནོ་སི་ཨེ་རི་སི་གྲུ་ཁར་འབེབས་ལེན་བྱས་པ་དང་ཨ་ཀེན་ཐིན་འགྲིམ་འགྲུལ་པུའི་པུའུ་ཀྲང་ཅི་ལེའར་མོ·ཏེ་ཐེ་ལི་ཞི་དང་ཨ་ཀེན་ཐིན་གཞུང་ཁོངས་ཟོག་འདྲེན་ལྕགས་ལམ་ཀུང་སིའི་འགན་འཁུར་བ་ཨའེ་སའེ་ཅིས་ཡེའར·ལའེ་མོ་སི་སོགས་འབེབས་ལེན་མཛད་སྒོར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།