འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱི་ནག་ཆུའི་རྣམ་གྲངས་ཆུང་ངུས་དབུལ་སྐྱོར་རྣམ་གྲངས་ཆེན་པོར་འདེགས་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ཀྱི་ནག་ཆུ་ས་ཁུལ་གྱི་2017ལོའི་མྱུར་གྲུབ་རྣམ་གྲངས་ཀྱི་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པའི་ལས་གཏོད་གསོ་སྦྱོང་ཐེངས་དང་པོ་མཇུག་འགྲིལ་ནས་གསོ་སྦྱོང་ནང་ཞུགས་མཁན་41ལ་ནག་ཆུ་ས་ཁུལ་ཅན་རུང་ལས་རིགས་རྩལ་ནུས་སློབ་གྲྭར་གསོ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་དེས་རྩ་འཛུགས་དང་། དོ་དམ། ལག་བསྟར་བཅས་ཕྱོགས་གསུམ་ཐད་ནས་ཞིབ་ཕྲའི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་པའི་གསོ་སྦྱོང་ལ་ཕན་འབྲས་དངོས་ཐོན་པ་བྱས་ཡོད།
         སྒྲིག་འཛུགས་ཞིབ་ཚགས་ཀྱིས་གནད་སྨིན་ངང་གསོ་སྦྱོང་བྱེད་ཡུལ་བདམས་པ། མྱུར་སྒྲུབ་རྣམ་གྲངས་ཀྱིས་མི་འབོར་དབུལ་པོ་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གལ་ཆེན་ཐོག་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱ་ཆེད། 《ནག་ཆུ་ས་ཁུལ་གྱི་2017ལོའི་མྱུར་སྒྲུབ་རྣམ་གྲངས་ཀྱི་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པའི་ལས་གཏོད་གསོ་སྦྱོང་ལས་ཀའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དང་འབྲེལ་ས་ཁུལ་གྱིས་རིང་མིན་དུ་ལག་བསྟར་བྱེད་པའི་མྱུར་སྒྲུབ་རྣམ་གྲངས་109ལ་དམིགས་ནས་ད་ཐེངས་ཀྱི་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པའི་ལས་གཏོད་གསོ་སྦྱོང་བྱས་པ་རེད། ནག་ཆུ་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཕྱོགས་བསྡུས་ཚོགས་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཁྲུན་ཁུའེ་ཡིས་ད་ཐེངས་ཀྱི་གསོ་སྦྱོང་ནི་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པའི་ལས་གཏོད་འདུ་ཤེས་དང་། ཁྲོམ་རའི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་བྱས་ནས་མི་འབོར་དབུལ་པོའི་སྣེ་འཁྲིད་དེ"སྒུག་བརྟེན་སློང"གསུམ་གྱི་བསམ་བློའི་འཁྱེར་སོར་འགྱུར་ལྡོག་གཏོང་བ་དང་མྱུར་གྲུབ་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་། གཉེར་སྐྱོང་། དོ་དམ་བཅས་ཀྱི་བརྒྱུད་རིམ་ལ་ཞུགས་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན་ཞེས་བཤད།
         གྲ་སྒྲིག་ཞིབ་ཚགས་ཀྱིས་སློབ་ཚན་གནད་སྨིན་འཁྲིད་པ། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ལ་ནག་ཆུ་ས་ཁུལ་གྱིས་དུད་ཚང་ཆེན་པོས་དབུལ་པོའི་དུད་ཚང་གི་སྣེ་ཁྲིད་པ་དང་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་མི་གཞན་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་པའི"འཇོན་ཐང་ཅན་གྱིས་སྣེ་ཁྲིད་པའི"འདུ་ཤེས་ལ་བརྟེན་ནས"སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་མང་མཉམ་དུ་ཞུགས་པ། ཐོན་ལས་ཀྱིས་ཁྲིད་སྟོན། གནད་སྨིན་གསོ་སྦྱོང"བཅས་ཀྱི་ལས་ཀའི་ཐབས་ལམ་གཞིར་བཟུང"གཅིག་སྡུད་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་། རྗེས་སྙེག་མཛུབ་ཁྲིད"བཅས་ཀྱི་གསོ་སྦྱོང་བྱེད་སྟངས་ལ་བརྟེན་ནས"འཇོན་ཐང་ཅན་གསོ་སྦྱོང་དང་། ལས་གཏོད་ལ་སྐུལ་འདེད། འབབ་འཕར་ལ་སྐུལ་ཁྲིད"བཅས་ཀྱི་ལྷུ་ཚིགས་གསུམ་ལ་དམ་པོར་དམིགས་ཡོད།
         བཀོད་སྒྲིག་ཞིབ་ཚགས་ཀྱིས་གནད་སྨིན་ངང་ལས་གནས་དང་འབྲེལ་མཐུད་བྱས་པ། ནག་ཆུ་ས་ཁུལ་གྱིས་རྫོང་ཁག་དང་འབྲེལ་མཐུད་ཐེངས་མང་བྱས་པ་བརྒྱུད་ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་མཁན་རྣམས་རིང་མིན་དུ་མྱུར་གྲུབ་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་ཐུབ་པའི་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པར་འགྱུར་རྒྱུ་དང་གསོ་སྦྱོང་ནང་ཞུགས་མཁན་དག་རྫོང་ཁག་གིས་མྱུར་གྲུབ་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་། གཉེར་སྐྱོང་། དོ་དམ་སོགས་ཀྱི་ཁྱབ་ཁོངས་ནང་འགན་འཁུར་དུ་བཅུག་སྟེ"འཇོན་ཐང་ཅན"གྱི་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་འབོར་དབུལ་པོ་དེ་བས་མང་བ་ས་ཁུལ་གྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་བརྒྱུད་རིམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་གསོ་སྦྱོང་དང་ལས་ཞུགས་དབར་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ཏེ་མི་འབོར་དབུལ་པོར་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།