འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎གཞུང་ལམ་དང་། ལྕགས་ལམ། མཚོ་ཐོག་བཅས་མཉམ་འདྲེན་དུས་གཏན་མེ་འཁོར་ཐོག་མ་ལན་ཡུན་སྒང་
    གྲུ་ཁར་འབྱོར་རྗེས་མཚོ་ཐོག་ནས་རྒྱ་གར་ལ་འདྲེན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཏེ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གཅིག་སྡུད་ལྟེ་གནས་ནས་བཏང་བའི་གཞུང་ལམ་དང་། ལྕགས་ལམ། མཚོ་ཐོག་བཅས་མཉམ་འདྲེན་དུས་གཏན་མེ་འཁོར་ཐོག་མའི་ནང་ཤིན་ཅང་ཀྲུང་ཐའེ་ཚོགས་པས་ཐོན་སྐྱེད་བྱས་པའི་PVCཐོན་རྫས་ཏུན་1040བླུགས་ཏེ་ཉིན་ལྔར་ལྕགས་ལམ་ཐོག་སྐྱེལ་འདྲེན་བྱས་རྗེས། ཅང་སུའུ་ཡི་ལན་ཡུན་སྒང་གྲུ་ཁར་འབྱོར་བ་དང་ལན་ཡུན་སྒང་གྲུ་ཁ་ནས་མཚོ་ཐོག་བརྒྱུད་རྒྱ་གར་གྱི་རྡི་ལི་གསར་པར་འདྲེན་རྒྱུ་ཡིན་པ་རེད། "ཝུའུ་ལུའུ་མུའུ་ཆི—ལན་ཡུན་སྒང་གྲུ་ཁ—རྡི་ལི་གསར་པ"བཅས་ཀྱི་གཞུང་ལམ་དང་། ལྕགས་ལམ། མཚོ་ཐོག་བཅས་མཉམ་འདྲེན་དུས་གཏན་མེ་འཁོར་འགྲོ་སྐྱོད་ཀྱི་ལམ་ཐིག་ནང་ཞི་བདེ་རྒྱ་མཚོ་ཆེན་པོ་དང་ཧིན་རྡུ་རྒྱ་མཚོ་བརྒྱུད་དགོས་ཀྱི་ཡོད་པས་རྒྱལ་ཡོངས་སུ"དར་གོས་ལམ་བུའི་དཔལ་འབྱོར་རྒྱུད"དང"དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ"ཐོག་མར་འབྲེལ་མཐུད་ཆེན་པོ་བྱུང་བ་མ་ཟད། "རྒྱུད་གཅིག་ལམ་གཅིག"གི་འབྲེལ་མཐུད་ཧ་ཅང་ཡག་པོ་བྱུང་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།