འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཏེན་དུ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཏེན་གྱི་བདེ་འཇགས་དང་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་སྡེ་ཁག་དང་བཞུགས་མོལ་བྱས་ཏེ་ཀྲུང་གོའི་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། དེང་སྐབས་ཀྱི་འཕེལ་རྒྱས་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ་དེང་གི་བོད་ཀྱི་རྣམ་པ་གསར་པ་མངོན་པ་བྱས་ཡོད།
         འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲེ་དགྲ་འདུལ་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་སྤེལ་རེས་ཀྱི་བྱེད་སྒོ་དེ་འདྲ་བརྒྱུད་ནས་བོད་ལྗོངས་ངོ་སྤྲོད་བྱས་ཏེ་མི་དེ་བས་མང་བས་བོད་ལྗོངས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་འབྲེལ། བོད་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། འཐུས་མི་ཚོགས་པས་PPTབརྒྱུད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་སྐོར་དང་ཆབ་སྲིད་ཤེས་དཔལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན། སྣོད་བཅུད་བཟང་བ། ཆོས་དད་རང་མོས་བཅས་དང་དེ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཚད་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་པའི་སྐོར་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ། ཕྱོགས་གཉིས་པོས་ད་དུང་བོད་ལྗོངས་ས་ཁུལ་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་སོགས་ཀྱི་གནད་དོན་ཐད་སྤེལ་རེས་བྱས་པ་རེད།
         སུའེ་ཏེན་གྱི་བདེ་འཇགས་དང་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་སྡེ་ཁག་གི་འགོ་གཙོ་ཧྲེ་དབན་ཐུང་གིས་ཡོ་རོབ་ཞིབ་འཇུག་སྒྲིག་གཞིས་བོད་ཤེས་རྟོགས་བྱ་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་། འཐུས་མི་ཚོགས་པས་ངོ་སྤྲོད་ཞིབ་ཕྲ་བྱས་པར་བརྟེན་ཞིབ་འཇུག་སྡེ་ཁག་ལ་ཕན་པ་མི་ཉུང་བ་ཞིག་ཐོབ་བྱུང་ཞེས་བཤད།
         ཧྲེ་དབན་ཐུང་གིས"འཐུས་མི་ཚོགས་པས་ང་ཚོས་མི་ཤེས་པའི་གནས་ཚུལ་མང་པོ་ངོ་སྤྲོད་གནང་བྱུང་། ངས་དེ་ནི་སྤེལ་རེས་ཀྱི་གོ་སྐབས་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་བསྒྲུབས་པའི་ལས་དོན་ནི་མི་རྣམས་ཧང་སངས་དགོས་པ་ཞིག་འདུག དེ་དག་ཚང་མ་ནི'རྒྱུད་གཅིག་ལམ་གཅིག'བསྐྲུན་པའི་བཀྲག་མདངས་འཚེར་ས་རེད་ལ་ས་ཁུལ་སྒྲོལ་བའི་མཉམ་ལས་ནང་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡིན"ཞེས་བཤད།
         བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་དེ་ཉིན་སུའེ་ཏེན་ཤར་ཕྱོགས་རྟེན་རྫས་བཤམས་མཛོད་ཁང་དུ་འཚམས་འདྲི་བྱས་པ་དང་འབྲེལ། སུའེ་ཏེན་འཛམ་གླིང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་ཤར་ཕྱོགས་རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁུར་བ་དང་རིག་གནས་ཀྱི་གནད་དོན་ཐད་སྤེལ་རེས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།