འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་རྩལ་སྟོན་མཛེས་རིས་འགྲེམས་སྟོན་སྐབས་ལྔ་པ་མང་ཚོགས་
    སྒྱུ་རྩལ་ཁང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མཛེས་རིས་འགྲེམས་སྟོན་གྱི་ཡུལ་དངོས།
    མཛེས་རིས་འགྲེམས་སྟོན་གྱི་ཡུལ་དངོས། 
           མི་དམངས་དྲ་བའི་འཕྲིན། ལོ་ཆུང་བྱིས་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གལ་ཆེའི་སྟོབས་ཤུགས་ཤིག་ཡིན། 2012ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་སྐབས་བཞི་བསྟུད་མར་ལོ་ཆུང་བྱིས་པའི་རྩལ་སྟོན་གྱི་འགྲན་བསྡུར་གཉེར་བ་དང་། རང་སྐྱོང་ལྗོངས་ཀྱི་ཕུལ་དུ་བྱུང་བའི་ལོ་ཆུང་བྱིས་པའི་མཛེས་རིས་བརྩམས་ཆོས་དང་འཇོན་ཐང་གཅིག་བསྡུས་ངང་དྲིལ་བསྒྲགས་བྱས་པ་མ་ཟད། མཛེས་རིས་ལ་དགའ་ཞེན་དང་དོ་སྣང་ཆེ་བའི་རྒྱ་ཆེའི་ལོ་ཆུང་བྱིས་པར་ཐོབ་དཀའ་བའི་མཛེས་རིས་ཀྱི་ཤེས་བྱ་དང་བྱང་ཚད་མཐོར་འདེགས་གཏོང་སའི་སྟེགས་བུ་ཞིག་དང་། ཕུགས་འདུན་མངོན་པའི་རིན་བྲལ་གྱི་སྟེགས་བུ་ཞིག་བསྐྲུན་ཡོད། 
           ཉེ་དུས། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་རྩལ་སྟོན་གྱི་མཛེས་རིས་འགྲེམས་སྟོན་སྐབས་ལྔ་པ་སྤེལ་ལ། ཐེངས་འདིའི་འགྲེམས་སྟོན་ལ་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་ལྗོངས་མཛེས་རིས་མཐུན་ཚོགས་སོགས་ནས་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་པ་དང་། རི་མོ་མཁས་ཅན་ཆུང་ཆུང་ཚོའི་མཉམ་ཞུགས་འོག་བདེ་བླག་ངང་སྤེལ་བ་རེད། 
            ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོ་དེར་ལོ་ཆུང་བྱིས་པའི་བརྩམས་ཆོས་ཁག་500ལྷག་ཙམ་ནས་ནང་དོན་འབུར་དུ་ཐོན་པ་དང་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པ། བྱིས་པའི་མོས་པ་དང་མཐུན་པའི་ཕུལ་བྱུང་གི་བརྩམས་ཆོས་ཁག་200ལྷག་འདེམས་སྒྲུག་བྱས་ཏེ་ད་ཐེངས་ཀྱི་འགྲེམས་སྟོན་ཐོག་བསྟན་ཡོད་པ་དང་། བྱིས་པའི་རྨི་ལམ་ལྟ་བུའི་བརྩམས་ཆོས་འགྲེམས་སྟོན་བྱས་པ་དེས་རང་སྐྱོང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཚོན་མདོག་རྣམ་པར་བཀྲ་བའི་འཚོ་བ་མངོན་པ་དང་། གར་སྟེགས་དེ་ལོ་ཆུང་བྱིས་པ་རྣམས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཛེས་སྡུག་གི་དོ་ར་ཞིག་ཏུ་ཡང་གྱུར་ཡོད། ད་ཐེངས་ཀྱི་ལོ་ཆུང་བྱིས་པའི་རྩལ་སྟོན་མཛེས་རིས་འགྲེམས་སྟོན་དེ་དྲུག་གཅིག་བྱིས་པའི་དུས་ཆེན་བར་སྤེལ་རྒྱུ་ཡིན་པ་རེད། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
    ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་བྱིས་པའི་བརྩམས་ཆོས།
    ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་བྱིས་པའི་བརྩམས་ཆོས།
    གཞིས་རྩེ་གྲོང་ཁྱེར་གྱི་བྱིས་པའི་བརྩམས་ཆོས།
    གཞིས་རྩེ་གྲོང་ཁྱེར་གྱི་བྱིས་པའི་བརྩམས་ཆོས།
    ནག་ཆུ་ས་ཁུལ་གྱི་བྱིས་པའི་བརྩམས་ཆོས།
    ནག་ཆུ་ས་ཁུལ་གྱི་བྱིས་པའི་བརྩམས་ཆོས།
    ལྷ་སའི་བྱིས་པའི་བརྩམས་ཆོས།
    ལྷ་སའི་བྱིས་པའི་བརྩམས་ཆོས།
    བྱིས་པས་བཟོས་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས།
    བྱིས་པས་བཟོས་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས།
    རྣམ་དག་ཟོལ་མེད་ཕུལ་བྱུང་བརྩམས་ཆོས་ལས།  བྱིས་པའི་རྨི་ལམ་ལྟ་བུའི་འདུན་པ་མངོན།
    རྣམ་དག་ཟོལ་མེད་ཕུལ་བྱུང་བརྩམས་ཆོས་ལས།  བྱིས་པའི་རྨི་ལམ་ལྟ་བུའི་འདུན་པ་མངོན།
      

    ཕྱོགས་བསྡུས་གསར་འགྱུར།