འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣས་པེ་ཅིང་དུ་
    གཟུགས་པོ་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣས་པེ་ཅིང་དུ་
གཟུགས་པོ་བརྟག་དཔྱད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན"བློ་སེམས་གཅིག་སྒྲིལ་གྱིས་མཉམ་དུ་ཀྲུང་གོའི་གཅེས་སེམས་སྒྲིལ་བ"སྒྲིག་འཛུགས་ཨུ་ལྷན་གྱིས་སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་30ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྨན་ཁང་ཨང་309པར་གཟུགས་པོ་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱས་པ་རེད།
         ཟླ་བ་འདིའི་ཟླ་འགོར། སི་ཁྲོན་ཞིང་ཆེན་གྱིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་30གདམ་གསེས་བྱས་ཏེ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་གསོ་སྦྱོང་བྱེད་པར་བཏང་བ་རེད། ཁོང་ཚོ་ཡུན་རིང་བོད་ཁུལ་མཐོ་སྒང་དུ་འཚོ་བ་སྐྱེལ་ཞིང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་བ་དང་། འཚོ་རླུང་ཉུང་བ། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པ་བཅས་ལ་བསམ་བློ་བཏང་སྟེ"བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་གཅེས་སེམས་སྒྲིལ་བ"སྒྲིག་འཛུགས་ཨུ་ལྷན་གྱིས་ཁོང་ཚོ་པེ་ཅིང་དུ་གཟུགས་པོ་བརྟག་དཔྱད་བྱེད་པ་བཀོད་སྒྲིག་བྱས་པ་རེད།
         ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྨན་ཁང་ཨང་309པས་ལོ་མང་རིང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། ཁྱད་པར་དུ་མི་སྣ་མངག་གཏོང་ཐེངས་མང་བྱས་ཏེ" བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་གཅེས་སེམས་སྒྲིལ་བ "བོད་ཁུལ་དུ་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་བར་ཞུགས་པ་རེད། བཅིངས་འགྲོལ་དམག་གི་སྨན་ཁང་ཨང་309པའི་ཆབ་སྲིད་ཨུ་ཡོན་ཁང་ཧྥུའུ་ཧྲེང་གིས་ཐེངས་འདིའི་བྱེད་སྒོ་སྤེལ་བར་སྨན་ཁང་གིས་སྔོན་ཚུད་ནས་གྲ་སྒྲིག་དང་བཀོད་སྒྲོག་གང་ལེགས་བྱས་ཤིང་། ལག་རྩལ་དང་ལས་སྒོ་བྱང་ཆུབ་པའི་སྨན་བཅོས་རྐང་འཛིན་པ་མངགས་ནས་བོད་ཁུལ་མང་ཚོགས་ཀྱི་འཚོ་བའི་ཁྱད་ཆོས་ལ་དབྱེ་ཞིབ་ནན་ཏན་བྱས་ནས་གནས་ཚུལ་དངོས་ལ་བསྟུན་ཏེ་བརྟག་དཔྱད་ཇུས་གཞི་གཏན་འབེབས་བྱས་པ་མ་ཟད། འགྲོ་གྲོན་ཚང་མ་ཡང་མི་དགོས་པ་བཟོས་་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
         ཚེས་22ཉིན་གྱི་ཞོགས་པར། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་30སྨན་ཁང་དུ་སླེབས་རྗེས། སྨན་ཁང་གིས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་མཁས་པ་བཀོད་སྒྲིག་བྱས་ཏེ་ཁོང་ཚོའི་གཟུགས་པོའི་བདེ་ཐང་གནས་ཚུལ་བརྟག་དཔྱད་བྱས་པ་དང་། དམིགས་ས་ཡོད་པའི་སྒོ་ནས་གཟུགས་པོ་བརྟག་དཔྱད་ཀྱི་རྣམ་གྲངས་ལེགས་སྒྲིག་བྱས་ལ། གཟུགས་པོ་བརྟག་དཔྱད་ཀྱི་གཞི་གྲངས་ལ་དབྱི་ཞིབ་ནན་ཏན་ཡང་བྱས་ནས་བདེ་ཐང་ཡོང་བའི་མཛུབ་སྟོན་བསམ་འཆར་ཞིབ་ཕྲ་བཏོན་པ་རེད། བྱེད་སྒོ་འདིའི་ཐོག་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བ་གསལ་པོར་མཚོན་པ་རེད།
         "བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་གཅེས་སེམས་སྒྲིལ་བ"ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གིས་མཛུབ་སྟོན་གནང་བ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་སོགས་ཀྱིས་མཉམ་འབྲེལ་བྱས་ནས་གཅོ་གཉེར་བྱེད་པའི་སྤྱི་ཕན་ལས་གཞི་ཆེན་པོ་ཞིག་རེད། 2008ལོ་ནས་བཟུང་བྱེད་སྒོ་འདིས་རྒྱལ་སའི་སྨན་བཅོས་མཁས་པས་གཙོ་བོ་བྱེད་པའི་དང་བླངས་པ་རུ་ཁག་སྒྲིག་འཛུགས་བྱས་ནས་སྔ་གཞུག་ཏུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ཀྱི་བོད་ཁུལ་དང་། དེ་བཞིན་ཉིང་ཞ་དང་། ཧྲན་ཏུང་། ནང་སོག་སོགས་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་བདེ་ཐང་ཡོང་བའི་དང་བླངས་ཞབས་ཞུ་སྤེལ་བ་རེད།
    【1】  【2】  【3】  【4】
    ༄༅།།སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣས་པེ་ཅིང་དུ་
གཟུགས་པོ་བརྟག་དཔྱད་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།