འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་གིས་རླངས་འཁོར་བཏང་ནས་ལྷོ་ཁའི་མཛེས་སྡུག་ལྡན་པའི་ལྷོ་བསྐོར་ལམ་ཐིག་
    སྐོར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་གིས་རླངས་འཁོར་བཏང་ནས་ལྷོ་ཁའི་མཛེས་སྡུག་ལྡན་པའི་ལྷོ་བསྐོར་ལམ་ཐིག་
སྐོར་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོ་ཤར་བའི་སྐབས་སུ"ལྷོ་ཁའི་ལྷོ་རྒྱུད—བོད་ལྗོངས་ཀྱི་ཡུལ་ལྗོངས་ཧྲིལ་པོར་གཞུང་ལམ་དུ་ཞག་སྡོད་བྱེས་བགྲོད་ཡུལ་སྐོར"ཞེས་པ་ལྷོ་ཁ་ནས་དངོས་སུ་བྱེད་འགོ་ཚུགས་པ་རེད། བོད་ལྗོངས་དང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་ཁ་ལོ་བ་གྲོགས་པོ་དང་ཡུལ་སྐོར་བ་100ལྷག་རྩེད་ཐང་གྲོང་རྡལ་དུ་འཛོམས་ཤིང་། རང་གིས་རླངས་འཁོར་གཏོང་བའི་ཐོག་ནས་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཡོངས་སུ་ཡུལ་སྐོར་བྱས་ནས་ལྷོ་ཁའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཉམས་སུ་མྱོང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། "ལྷོ་ཁའི་ལྷོ་རྒྱུད—བོད་ལྗོངས་ཀྱི་ཡུལ་ལྗོངས་ཧྲིལ་པོར་གཞུང་ལམ་དུ་ཞག་སྡོད་བྱེས་བགྲོད་ཡུལ་སྐོར"ཞེས་པ་ནི་སྣེ་གདོང་ནས་རྡོག་ཐོན་ཏེ་འཕྱོངས་རྒྱས་དང་། མཚོ་སྨད། ལྷོ་བྲག སྣ་དཀར་རྩེ། གོང་དཀར། གྲ་ནང་སོགས་རྫོང་ངམ་ཆུས་བདུན་བརྒྱུད་དེ་མཐའ་མཇུག་ཏུ་སླར་ཡང་སྣེ་གདོང་ཆུས་ཀྱི་ལུགས་འབྱུང་འཁོར་ཕྱོགས་སྐོར་ལམ་དུ་སླེབས་དགོས་པ་དང་། བྱེད་སྒོ་འདི་ནི་ཚེས་19ཉིན་ནས་ཚེས་22ཉིན་བར་ཉིན་བཞིའི་རིང་ཡིན་ཞིང་། ལམ་ཐག་ཡོངས་ལ་ཧ་ལམ་སྤྱི་ལེ་700ཡོད་པ་རེད།
         ལྷོ་ཁ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ལྷོ་རྒྱུད་དུ་ཆགས་པ་དང་། རྒྱ་གར་དང་འབྲུག་ཡུལ་རྒྱལ་ཁབ་གཉིས་དང་འབྲེལ་ཡོད། ལྷོ་ཁའི་མཐའ་མཚམས་ས་རྒྱུད་ཀྱི་ལྷོ་བསྐོར་ལམ་ཐིག་བརྒྱུད་དུས་མཚམས་རེར་གནའ་སྡོང་དང་སྨྱུག་ནགས་སྤེལ་མའི་གདོད་མའི་ནགས་ཚལ་ངོ་མཚར་ཅན་ཁྲོད་དུ་སྐྱོད་པ་དང་། མཚམས་རེར་གཡང་གཟར་ཆེ་བའི་གྲོང་རོང་གསེབ་ནས་སྐྱོད་ཅིང་། ཀྱག་ཀྱོག་མང་བའི་རི་ལམ་ནི་གནས་རི་དང་བླ་མཚོ། དགོན་པ་དང་གནའ་རྫོང་། གངས་རི་དང་འཁྱགས་རོམ། རྦབ་ཆུ་དང་ཆུ་ཕྲན་བཞུར་བ་སོགས་བརྒྱུད་ནས་ལམ་ཐག་ཡོངས་སུ་ལམ་གཟར་ཞིང་ཉེན་ཁ་ཆེ་ལ་མཛེས་སྡུག་ཀྱང་ཤིན་ཏུ་ལྡན་པ་ཞིག་ཡོད་པ་རེད།
    【1】  【2】  【3】
    ༄༅།།རང་གིས་རླངས་འཁོར་བཏང་ནས་ལྷོ་ཁའི་མཛེས་སྡུག་ལྡན་པའི་ལྷོ་བསྐོར་ལམ་ཐིག་
སྐོར་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།