འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་ཁྱུང་རུ་རྟགས་མའི་བོད་ཁམས་འཁྲབ་གཞུང་གསར་རྩོམ་འགྲན་བསྡུར་མཚོ་
    སྔོན་ཟི་ལིང་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    བྱེད་སྒོའི་ཚོགས་ར།
    བྱེད་སྒོའི་ཚོགས་ར།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་5པའི་ཚེས་22ཉིན། སྐབས་དང་པོའི་ཁྱུང་རུ་རྟགས་མའི་བོད་ཁམས་འཁྲབ་གཞུང་གསར་རྩོམ་འགྲན་བསྡུར་ཟི་ལིང་དུ་བྱས་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་དེ་ཁྱུང་ཆེན་བརྙན་གླིང་གིས་གཙོ་སྒྲུབ་བྱས་ཤིང་། ཨ་ཁུ་པདྨ་དང་ཁྲུང་ཁྲུང་ཚན་རྩལ། གཡང་དཀར་སོགས་ཁེ་ལས་སྡེ་ཚན་བརྒྱད་ཀྱིས་སྒྲུབ་འགན་འཁུར་རོགས་བྱས་ཡོད། ཐེངས་འདིའི་འགྲན་བསྡུར་ཐོག་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཨ་མདོ་བརྙན་འཕྲིན། ཀྲུང་གོ་བོད་ཀྱི་དྲ་བ། དེ་བཞིན་མཚོ་སྔོན་པོ་དྲ་བ་སོགས་སྨྱན་སྦྱོར་ཚན་པ་བཅུ་བདུན་ལྷག་ཞུགས་ཡོད།
         ཁྱུང་ཆེན་བརྙན་གླིང་ནི་མི་རིགས་གློག་བརྙན་ཐོན་ལས་དར་སྤེལ་དང་དེའི་ཐད་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་བའི་ཁེ་ལས་སྡེ་ཚན་ཞིག་ཡིན་ཞིང་། བོད་ཀྱི་གློག་བརྙན་རིག་གནས་དར་སྤེལ་ལ་བརྩོན་པ་ལྷོད་མེད་ཀྱིས་རྒྱལ་སྤྱིའི་འགྲན་རྩོད་སྟོབས་ཤུགས་ལྡན་པའི་རང་སའི་རིག་གནས་ཐོན་ལས་འཛུགས་སྐྱོང་བྱེད་པའི་ཐོག་ནས་སྒྲ་བརྙན་སྒྱུ་རྩལ་གྱི་ལམ་ནས་མཐོ་སྒང་མི་རིགས་ཀྱི་འཚོ་བའི་གནས་སྟངས་དང་ཤེས་རིག་ཉིང་བཅུད་འཛམ་གླིང་ཁྱོན་ལ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད།
         ཐེངས་འདིའི་ཁྱུང་རུ་རྟགས་མའི་དཔྱད་འདེམས་པའི་ཁྲོད་དུ་བོད་རིགས་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་དང་། ཟོན་ཐར་རྒྱལ། དེ་མིན་རྩོམ་པ་པོ་སྟག་འབུམ་རྒྱལ་དང་། ལུང་རིན་ཆེན། ཕག་མོ་བཀྲ་ཤིས་བཅས་ཡོད།
         ཐེངས་འདིའི་ཁྱུང་རུ་རྟགས་མའི་བོད་ཁམས་འཁྲབ་གཞུང་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་ཁྱོན་འཁྲབ་གཞུང་བཞི་ཚུད་ཡོད་ཅིང་། འཁྲབ་གཞུང་སྨུག་ལམ་རིང་པོ་ཞེས་པར་ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་དང་། གྲོང་ཆུང་གསེར་མདའ་དང་གའུ། ངའི་མིང་ཡིག་ཇི་ལྟར་འབྲི་བཅས་གསུམ་ལ་ཁག་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་བཅས་ཐོབ་ཡོད་པ་རེད། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ལས་དྲངས། 
    【1】  【2】
    བྱེད་སྒོའི་གཙོ་སྒྲུབ་འགན་འཁུར་བ་ཟོན་ཐར་རྒྱལ་ལགས་ལ་བཅར་འདྲི་བྱེད་བཞིན་པའི་ཚུལ།
    བྱེད་སྒོའི་གཙོ་སྒྲུབ་འགན་འཁུར་བ་ཟོན་ཐར་རྒྱལ་ལགས་ལ་བཅར་འདྲི་བྱེད་བཞིན་པའི་ཚུལ།
      

    ཕྱོགས་བསྡུས་གསར་འགྱུར།