འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་སྨན་གླིང་ཞིང་ར་ཡིས་འབྲས་ཤིང་ལྡུམ་རའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་
    སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎བོད་ལྗོངས་སྨན་གླིང་ཞིང་ར་ཡིས་འབྲས་ཤིང་ལྡུམ་རའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་
སྤྱོད་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་ཞིང་ལས་པུའུ་ས་རྒོད་ཕྲུ་སློག་ཅུས་ཀྱིས་མ་དངུལ་བཏང་ནས་བཙུགས་པའི་སྨན་གླིང་ཞིང་རའི་འབྲས་ཤིང་ལྡུམ་རའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་རྣམ་གྲངས་དེ་ལ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ཆེད་མཁས་ཚོ་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། ཟླ་5ཚེས་22ཉིན། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཞིང་རའི་ཐོན་སྐྱེད་དོ་དམ་ཁུལ་བཞི་པའི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་ནས་བཀོལ་སྤྱོད་བྱེད་འགོ་ཚུགས་པ་རེད།
          ཐོན་སྐྱེད་དོ་དམ་ཁུལ་དུ་མུའུ་375ཅན་གྱི་ཀུ་ཤུ་འདེབས་འཛུགས་ར་བ་ཡོད་ལ། ནམ་རྒྱུན་སྐབས། ཉིན་བཅུ་དང་བཅོ་ལྔའི་རིང་ལ་ཡུར་ཆུ་ཐེངས་རེ་གཏོང་བ་དང་། ད་ལྟ། ཞིང་ཆུ་གཏོང་བྱེད་ཀྱི་སྒྲིག་ཆས་ཆ་ཚང་ནས་ཞིང་ཆུ་གཏོང་བཞིན་ཡོད་པས། ཉིན་གཅིག་རིང་ལ་ལས་ཀ་བསྒྲུབ་ཚར་བ་རེད། འབྲས་ཤིང་ལྡུམ་རར་ཆུ་འདྲེན་པའི་ཞོར་དུ་ལས་ཀ་གཞན་དག་ཀྱང་བསྒྲུབ་ཆོག་པས། ལས་ཕྱོད་ཇེ་ཆེར་ཕྱིན་ཡོད། དེང་རབས་ཅན་གྱི་ལག་རྩལ་རྣམ་གྲངས་འདི་ཡིས་འབྲས་ཤིང་ལྡུམ་རར་ཆུ་འདྲེན་ལས་ཕྱོད་ཆེ་རུ་བཏང་ཡོད་པ་མ་ཟད། ཀུ་ཤུའི་བཟང་ངན་དང་ཐོན་འབབ་ཀྱང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།
    ༄༅༎བོད་ལྗོངས་སྨན་གླིང་ཞིང་ར་ཡིས་འབྲས་ཤིང་ལྡུམ་རའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་
སྤྱོད་འགོ་ཚུགས་པ།
    ༄༅༎བོད་ལྗོངས་སྨན་གླིང་ཞིང་ར་ཡིས་འབྲས་ཤིང་ལྡུམ་རའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་
སྤྱོད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།