འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎"ལག་གདང་སྦྲེལ་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མཉམ་དུ་སྲུང"ཞེས་པའི་དང་བླངས་
    བྱེད་སྒོ་མཚོ་སྔོན་པོར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གཞོན་ནུ་ལོ་ཆུང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་བྱ་གླིང་དུ་བྱ་རིགས་ལ་སྐོར་ལྟའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་དུས་ཚིགས་ཤར་བའི་སྐབས་དང་བསྟུན་ཏེ་མཚོ་སྔོན་པོའི་བྱ་གླིང་མཚེར་བ་རིའི་མཛེས་ལྗོངས་ཁུལ་དུ"མཚོ་སྔོན་པོ་ལ་སྲུང་སྐྱོང་བྱེད། ང་ཚོས་བྱ་སྤྱོད་སྤེལ་བཞིན་ཡོད། ལག་གདང་སྦྲེལ་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མཉམ་དུ་སྲུང"ཞེས་པའི་མཚོ་སྔོན་པོའི་རང་བྱུང་སློབ་ཁང་དུ་བསྐྱོད་ནས་ཞིབ་འཇུག་སློབ་སྦྱོང་གི་ཁོར་ཡུག་སྲུང་སྐྱོང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
         བྱེད་སྒོ་སྤེལ་བའི་ཉིན་དེར། ཟི་ལིང་གྲོང་ཁྱེར་པེ་ཏཱ་སྲང་ལམ་སློབ་ཆུང་དང་ཧྲེང་ལི་ལམ་སློབ་ཆུང་གི་སློབ་མ་60ཙམ་གྱིས་བྱ་རིགས་ལ་ལྟ་སའི་བར་ཁྱམས་རིང་མོ་དང་ཆུ་བྱར་ལྟ་བ་དང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་གསལ་འགྲེལ་བྱེད་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད། "རང་བྱུང་སློབ་ཁང་དུ་བསྐྱོད་ནས་མཚོ་སྔོན་པོའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཀྱི་དཔང་པོ་བྱེད"ཅེས་པའི་བྱ་རིགས་ལ་ལྟ་བའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ནས་གསོན་ཉམས་དོད་པའི་ཁོར་ཡུག་སློབ་གསོའི་སློབ་ཚན་ཞིག་ཉན་པ་རེད།
         བྱེད་སྒོ་སྤེལ་ཡུལ་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་ལ"མཚོ་སྔོན་པོ་ལ་སྲུང་སྐྱོང་བྱེད། ང་ཚོས་བྱ་སྤྱོད་སྤེལ་བཞིན་ཡོད"ཅེས་པའི་གྲོས་འདོན་ཡི་གེ་བཞག་ནས་མི་དེ་བས་མང་བས་མཚོ་སྔོན་པོར་དོ་ཁུར་དང་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས་པ་མ་ཟད། སློབ་མ་ཚོས་ད་དུང་ས་གནས་ས་ཐོག་ཏུ་ས་སྨྱུག་གིས་རི་མོ་བྲིས་ཤིང་། ཁོ་ཚོའི་མཐོང་སྣང་དུ་ཡོད་པའི་བྱ་གླིང་གི་ལྟ་ན་སྡུག་པའི་མཛེས་ལྗོངས་བྲིས་པར་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་མང་པོ་བྱུང་ལ་བསྔགས་བརྗོད་ཀྱང་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།