འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་སླེབས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཕྱོགས་སུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཤར་ཡོད་པས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་སོགས་ས་ཁུལ་གྱི་གྲོང་མི་ཚོས་དབྱར་རྩྭ་དགུན་འབུ་རྐོ་འགོ་ཚུགས་པ་རེད། ལམ་འགྲོ་ཆེན་པོ་བྱུང་ན་ཉིན་རེར་དབྱར་རྩྭ་དགུན་འབུ་ཉི་ཤུའམ་སུམ་ཅུ་རེ་རྐོ་ཐུབ་ཀྱི་ཡོད་མོད། ཡིན་ནའང་མི་མང་པོ་ཞིག་གིས་ཉིན་རེར་དབྱར་རྩྭ་དགུན་འབུ་རྐང་གཅིག་ཀྱང་བརྐོ་རྒྱུ་རྙེད་ཀྱི་མེད་པ་རེད། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ནི་ཀྲུང་གོའི་ཐོན་འབོར་གྱི་བསྡོམས་འབོར་ལས་60%ཡས་མས་ཟིན་ཡོད་པ་རེད། འབྲེལ་ཡོད་ཚན་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་བྱས་པ་ལས་སྐྱེ་ཁམས་ཞན་ཏུ་སོང་བ་དང་དབྱར་རྩྭ་དགུན་འབུ་ལོ་ལྟར་རེ་བཞིན་བརྐོས་པའི་རྐྱེན་གྱིས། ལོ་ངོ་20རིང་ལ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་འབོར་ཚད་ཉུང་དུ་འགྲོ་བཞིན་ཡོད་པ་རེད། གོང་གི་པར་རིས་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་གྲོང་མི་ཞིག་གིས་དབྱར་རྩྭ་དགུན་འབུ་རྐོ་བཞིན་ཡོད་པ་རེད།
    ༄༅།།མཚོ་སྔོན་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་སླེབས་པ།
    ༄༅།།མཚོ་སྔོན་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་སླེབས་པ།
    ༄༅།།མཚོ་སྔོན་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་སླེབས་པ།
      

    ཕྱོགས་བསྡུས་གསར་འགྱུར།