འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྲིད་གཞུང་གསར་འགྱུར་དྲ་ཚིགས་ཀྱི་སྔོན་ཐོན་ཚོགས་པ་དང་མི་སྒེར་
    ལ་གཟེངས་བསྟོད་གནང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གིས་ལྷ་སར་2016ལོ་འཁོར་མོའི་བོད་ལྗོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་(ཆུས་)བཅས་སོ་སོའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད། ཆབ་མདོ་གྲོང་ཁྱེར་གྱི་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་སོགས་ལས་ཁུངས་16ལ་སྔོན་ཐོན་ཚོགས་པའི་མཚན་སྙན་ཁྱད་པར་ཅན་ཐོབ་པ་རེད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་(ཆུས་)བཅས་སོ་སོ་ནས་ཡོང་བའི་ཀྲུའུ་ཀྲེང་སོགས་སྲིད་གཞུང་གི་གསར་འགྱུར་ས་ཚིགས་ཀྱི་ལས་སྒྲུབ་མི་སྣ་15སྔོན་ཐོན་མི་སྒེར་ལ་བདམས་ཐོན་བྱུང་བ་རེད།
         གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར། བོད་ལྗོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་དྲ་ཚིགས་74ནས་ཁྱོན་བསྡོམས་སྲིད་གཞུང་ལས་ཁུངས་ཀྱི་དབང་གྲགས་ལྡན་པའི་ཆ་འཕྲིན་ཁྲི་30ལྷག་སྤེལ་ཞིང་། བཞུར་ཚད་བསྡོམས་འབོར་མི་ཐེངས་ཁྲི་3100ལྷག་ཟིན་པ་རེད། བོད་ལྗོངས་ཀྱི་རྫོང་(ཆུས་) 74ཡི་སྲིད་གཞུང་གི་དྲ་ཚོགས་ནི་བོད་ལྗོངས་ཀྱི་ས་ཁུལ་དེ་གར་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་དང་། བཞུར་ཚད་མང་ཤོས། ཁྱབ་ཚད་ཡངས་ཤོས་བཅས་ཀྱི་སྲིད་གཞུང་གི་དྲ་བའི་ཆ་འཕྲིན་ཁྱབ་སྤེལ་སྟེགས་བུར་གྱུར་པ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་(ཆུས་)བཅས་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་འཛུགས་སྐྲུན་ལེགས་པོ་དང་། བེད་སྤྱོད་ལེགས་པོ། དོ་དམ་ལེགས་པོ་བཅས་སྔར་ལས་ལྷག་པར་བྱ་དགོས་པའི་སྐོར་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་སྟེ། བོད་ལྗོངས་ཀྱི་སྲིད་གཞུང་རིམ་པ་ཁག་གི་དྲ་ཚིགས་ཀྱིས་དྲ་ཚིགས་ཀྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་དགོས་པ་དང་། སྲིད་གཞུང་གི་གསར་འགྱུར་དྲ་ཚིགས་ཀྱི་བདེ་འཇགས་དང་ལག་རྩལ་གྱི་ཞབས་ཞུ་སྟེགས་བུ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཤིང་། ལག་རྩལ་དང་ནང་དོན་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་པ་དང་། ངེས་གནས་གནད་ལ་འཁེལ་བ་དང་། འཕྲིན་སྦྲེལ་དྲ་བའི་བསམ་གཞིགས་བེད་སྤྱོད་བྱས་ཏེ་སྨྱན་སྦྱོར་ལས་ཁུངས་གསར་པའི་འཁོར་སྐྱོད་ཁྱབ་སྤེལ་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ་དྲ་ཚིགས་ལེགས་གཉེར་བྱས་ནས་དེ་ཉིད་ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་གཙིགས་སུ་འཛིན་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲིད་གཞུང་ཀྱི་དྲ་ཚིགས་སུ་འགྱུར་བར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།