འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གཡུ་འབྲུག་ལྷ་རྩེའི་འཛམ་གླིང་རིམ་འདས་མྱུར་བགྲོད་རི་འཛེག་འགྲན་བསྡུར་ནང་ཀྲུང་
    གོའི་བདམས་ཐོན་པར་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་20ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་2017Xtrail FKTགཡུ་འབྲུག་ལྷ་རྩེའི་འཛམ་གླིང་རིམ་འདས་མྱུར་བགྲོད་རི་འཛེག་འགྲན་བསྡུར་བྱེད་འགོ་ཚུགས་ཤིང་། འཛམ་གླིང་རྒྱལ་ཁབ་ཁག་གི་བྱེས་བགྲོད་རྒྱུག་ཤར་གློད་མཁན་རྩེ་གྲ་12ཀྱིས་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་མཐོ་ཚད་སྨི་6178ཡོད་པའི་རི་བོ་མཐོ་ཤོས་གཡུ་འབྲུག་ལྷ་རྩེར་འགྲན་བསྡུར་བྱས་པ་རེད།
         ཉིན་དེར་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་12ལ་དེ་སྔ་བྱེས་བགྲོད་རྒྱུག་ཤར་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་འགྲན་བསྡུར་ཁག་ནང་འཛམ་གླིང་གི་ཨང་དང་པོ་ཐོབ་མྱོང་ཡོད། འགྲན་བསྡུར་ས་བབ་སྨི་5050ཡི་གཡུ་འབྲུག་ལྷ་རྩེའི་སྒར་ས་ཆེ་མོ་ནས་འགོ་བཙུགས་པ་དང་བདམས་ཐོན་པས་ས་བབ་སྨི་5700ཡི་འཁྱག་པ་ཡོད་སར་འཛེགས་རྗེས་ལམ་སེང་ཕྱིར་ལོག་པ་དང་སྤྱིའི་རིང་ཚད་སྤྱི་ལེ་9ཡིན་ཞིང་། རིང་ཚད་དེར་རི་འཛེག་པ་དཀྱུས་མ་ཞིག་གིས་ཉིན་2འགོར་གྱི་ཡོད་པ་རེད།
        འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད་ཀྲུང་གོའི་བོད་རིགས་བདམས་ཐོན་པ་འཇམ་དབྱངས་རིན་ཆེན་གྱིས་སྐར་མ་62དང་སྐར་ཆ་20ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་ཨ་རི་བ་སི་ཏེ་ཕེན་ཉི·ཁེ་ལའེ་མོའོ་ཡིས་སྐར་མ་82དང་སྐར་ཆ་50ཡི་ཐོག་ནས་སླར་ཡང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་ཡོད།
        ཨ་རིའི་བདམས་ཐོན་པ་དང་ཧྥ་རན་སེའི་བདམས་ཐོན་པར་སྐྱེས་པའི་ཚོགས་ཆུང་གི་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད། བུད་མེད་ཚོགས་ཆུང་གི་ཨང་གཉིས་པ་ཀྲུང་གོའི་བདམས་ཐོན་པ་ཞང་ཧྥུའུ་ཀྲའོ་ཡིན་པ་དང་ཨང་གསུམ་པ་ཐོབ་མཁན་སུའེ་ཏེན་གྱི་བྱེས་བགྲོད་པ་གྲགས་ཅན་ཨན་ཏེ་ལི·ཧུའུ་སེའར་ལས་སྐར་ཆ་2ཀྱིས་མགྱོགས་པ་སླེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།