འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ནས་ཉི་གུར་བལྟས་པའི་ཚོར་སྣང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་ས་ནས་ཉི་གུར་བལྟས་པའི་ཚོར་སྣང་།
         ལྷ་སའི་ནམ་མཁར་རྟག་ཏུ་ཉི་གུར་འབུབས་པས། ལྷ་ས་ནས་ཉི་གུར་ལྟ་བ་ནི་རྒྱུ་ན་ལྡན་གྱི་གནས་ཚུལ་ཞིག་རེད།
          ཉི་གུར་ནི་མཁའ་དབྱིངས་སུ་འཁྱགས་ཟིལ་ལས་གྲུབ་པའི་འགྲིལ་རིམ་སྤྲིན་པ་འཁྲིགས་ཤིང་། འགྲིལ་རིམ་སྤྲིན་པའི་ཁྲོད་ཀྱི་འཁྱགས་ཟིལ་ཉི་མའི་འོད་ཟེར་འཕྲོས་པ་བརྒྱུད་དཀྱོག་འཕྲོ་དང་ལྡོག་འཕྲོ་སོགས་དངོས་ལུགས་འགྱུར་བ་བྱུང་ཞིང་། མཐའ་མར་ཉི་མའི་མཐའ་འཁོར་དུ་ཚོན་མདོག་སྣ་ལྔའི་འོད་ཀོར་ཆེན་པོ་ཞིག་བྱུང་བ་རེད།
          ལོ་རེའི་ཟླ་བཞི་པ་ནས་དགུ་པའི་བར་ནི་མདོ་དབུས་མཐོ་སྒང་དུ་གནམ་གཤིས་ལ་འགྱུར་ལྡོག་ཆེ་བའི་དུས་སྐབས་ཡིན་པ་དང་། མདོ་དབུས་མཐོ་སྒང་དུ་ཉི་གུར་འབུབས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།  གལ་ཏེ་ཁྱེད་རང་ཕྱིར་སྐྱོད་སྐབས་དུས་རྟག་ཏུ་གནམ་ལ་བལྟས་པ་ཡིན་ན། མཁའ་དབྱིངས་སུ་ཉི་གུར་ཕུབ་པའི་ངོ་མཚར་མཐོང་ཐུབ་ཅིང་། དེས་ཉི་མ་བསྐོར་ཡོད་ཅིང་། མིག་ཤེལ་བརྒྱབ་ནས་བལྟས་ན་གནམ་དཔྱད་སྣང་ཚུལ་ངོ་མཚར་ཆེ་བ་མཐོང་ཞིང་ལྟད་མོ་ཆེ་བ་ཡོད།
    【1】  【2】  【3】  【4】
    ༄༅།།ལྷ་ས་ནས་ཉི་གུར་བལྟས་པའི་ཚོར་སྣང་།
    ༄༅།།ལྷ་ས་ནས་ཉི་གུར་བལྟས་པའི་ཚོར་སྣང་།
    ༄༅།།ལྷ་ས་ནས་ཉི་གུར་བལྟས་པའི་ཚོར་སྣང་།
      

    ཕྱོགས་བསྡུས་གསར་འགྱུར།