འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་སྟོང་གི་རིག་གནས་རྒྱུན་འཛིན་བྱེད་མཁན་ན་ཆུང་བྲོ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལོ་ངོ་སྟོང་གི་རིག་གནས་རྒྱུན་འཛིན་བྱེད་མཁན་ན་ཆུང་བྲོ་པ།
         མི་དམངས་དྲ་བའི་འཕྲིན། ལྷ་མོའི་ཟློས་གར"བཀྲ་ཤིས་ཞོལ་པ"ནི་གནའ་བོའི་ལྷ་མོ་འཁྲབ་ལུགས"འབག་དཀར་པོ"ཡི་བཀྲ་ཤིས་རྟེན་འབྲེལ་མཛད་སྒོ་འགོ་ཚུགས་པའི་ཞབས་བྲོ་ཞིག་ཡིན་པ་དང་། ད་ལྟའི་བར་དུ་ལོ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། བཀྲ་ཤིས་རྟེན་འབྲེལ་ཞུ་བའི"བཀྲ་ཤིས་ཞོལ་པ"ནི་དུས་ཆེན་གཟབ་རྒྱས་དང་རྟེན་འབྲེལ་མཛད་སྒོའི་སྐབས་མེད་དུ་མི་རུང་བའི་འཁྲབ་ཚན་ཞིག་རེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞོལ་སློབ་ཆུང་གི་ན་ཆུང་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་རུ་ཁག་ནི་སྤྱི་ལོ་1993ལོའི་ལོ་འགོར་ན་ཆུང་བཀྲ་ཤིས་ཞོལ་པ་བཙུགས་པ་ནས་ད་ལྟའི་བར་དུ་ལོ་ངོ་24ཕྱིན་པ་རེད། དུས་སྐབས་དེའི་རིང་སྔ་གཞུག་ཏུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་སོགས་ས་གནས་མང་པོར་བསྐྱོད་དེ་འཁྲབ་སྟོན་ལ་ཞུགས་མྱོང་བ་རེད། གོང་གི་པར་རིས་ནི་སློབ་ཕྲུག་ཚོས་ན་ཆུང་བཀྲ་ཤིས་ཞོལ་པ་ནང་སྦྱོང་བྱེད་བཞིན་ཡོད་པ།
    བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་དགེ་རྒན་བསམ་གཏན་ལགས་ཀྱིས་ནང་སྦྱོང་ལ་སློབ་སྟོན་བྱེད་བཞིན་ཡོད་པ།
    བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་དགེ་རྒན་བསམ་གཏན་ལགས་ཀྱིས་ནང་སྦྱོང་ལ་སློབ་སྟོན་བྱེད་བཞིན་ཡོད་པ། 
      

    ཕྱོགས་བསྡུས་གསར་འགྱུར།