འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མི་མེད་གནམ་གྲུ་བྷེ་ཨུ་རུ་སུའི་དམག་དོན་བཟོ་ལས་འགྲེམས་སྟོན་ནང་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་བྷེ་ཨུ་རུ་སུའི“སྨི་ལེ་ཁེ་སི-2017”རྒྱལ་སྤྱིའི་གོ་མཚོན་སྒྲིག་ཆས་དང་དམག་དོན་ལག་རྩལ་འགྲེམས་སྟོན་སྐབས་བརྒྱད་པ་དེ་སྤེལ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ནང་ཞུགས་མཁན་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཆེ་ཤོས་གྲས་ཡིན་པའི་ཀྲུང་གོའི་ཁེ་ལས་ཀྱིས“འཇའ་ཚོན”དང“དབྱི་ལུང”རིགས་ཀྱི་མི་མེད་གནམ་གྲུ་སོགས་སྔོན་ཐོན་གྱི་དམག་དོན་བཟོ་ལས་ཀྱི་ཐོན་རྫས་བཏོན་ཡོད་པ་རེད།
         གསར་འགོད་པས་འགྲེམས་སྟོན་བྱ་ཡུལ་ནས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་རྒྱང་སྐྱོད་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་ཀུང་སིས་སྨི་ངོས་གྲུ་150ལྷག་ཙམ་ཟིན་པའི་འགྲེམས་སྟེགས་ཐོག“འཇའ་ཚོན་-5”གཞི་གཅིག་ཅན་གྱི་མི་མེད་གནམ་གྲུ་ཚུད་པའི་མི་མེད་གནམ་གྲུ་5བཤམས་པ་མ་ཟད། ད་དུང་ཀྲུང་གོའི་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱི་ལས་གྲྭ་ཚད་ཡོད་ཀུང་སིས་ཀྱང“དབྱི་ལུང”རྟགས་ཅན་གྱི་མི་མེད་གནམ་གྲུ་མང་པོ་བཤམས་པ་མཐོང་བྱུང་།
         སྐབས་འདིའི་འགྲེམས་སྟོན་བྱེད་ཡུན་ཉིན་3ཡིན་པ་དང་། བྷེ་ཨུ་རུ་སུ་དང་། ཨུ་རུ་སུ། ཀྲུང་གོ ཧ་སག་སི་ཐན། འཇར་མན། སི་ལོ་ཝ་ཁེ་ཡ། ཡུག་རེན་སོགས་རྒྱལ་ཁབ་ཀྱི་འགྲེམས་ཞུགས་ཚོང་པ་140ལྷག་ཙམ་དེའི་ནང་ཞུགས་པར་ཁྱོན་གོ་མཚོན་སྒྲིག་ཆས་དང་དམག་སྤྱོད་ལག་རྩལ་ཐོན་རྫས་350ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།