འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཏ་པེ་རི་གྲོང་དུ"གངས་ལྗོངས་ཀྱི་བརྩེ་བ"ཞེས་པའི་ཞབས་བྲོའི་ཉམས་འགྱུར་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཏ་པེ་རི་གྲོང་དུ'གངས་ལྗོངས་ཀྱི་བརྩེ་བ'ཞེས་པའི་ཞབས་བྲོའི་ཉམས་འགྱུར་མངོན་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་ཀྱི་ལྷོ་ཁའི་མཚོ་སྨད་རྫོང་གི“ཨན་ཧུའེ་དང་བོད་དབར་བརྩེ་སེམས་ཟབ། ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད”ཅེས་པའི་གཞི་རིམ་རིག་གནས་སྤེལ་རེས་ཚོགས་པའི་རིག་རྩལ་ལས་དོན་པས་ཏ་པེ་རི་གྲོང་དུ་གནས་པའི་ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཧྲུའུ་ཁྲེང་རྫོང་གི་མང་ཚོགས་ལ་གཞན་ཡུལ་གྱི་ཉམས་འགྱུར་མངོན་པའི་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པོ་ཞིག་བྱས་པ་རེད།
         ཨན་ཧུའེ་དང་བོད་ལྗོངས་ཀྱི་གཞི་རིམ་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་བོད་རིག་གནས་མཉམ་འདྲེས་ཡོང་བར་བྱ་ཆེད། མཚོ་སྨད་རྫོང་གིས་གཞི་རིམ་རིག་རྩལ་ལས་དོན་པ་སྒྲིག་འཛུགས་བྱས་ནས་ཏ་པེ་རི་བོའི་གསར་བརྗེ་རྟེན་གཞི་ཁུལ་རྙིང་པའི་ལིའུ་ཨན་གྲོང་ཁྱེར་དུ་ཉིན་10ཡི་རིང་རིག་གནས་དྲིལ་བསྒྲགས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་མང་ཚོགས་ལ་གངས་ལྗོངས་ས་མཐོའི་གླུ་གར་གྱི་དགའ་སྟོན་བཤམས་ཏེ་བོད་ཀྱི་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཉམས་འགྱུར་མངོན་པར་བྱས་ཤིང་། གོང་གི་པར་རིས་ནི་མཚོ་སྨད་རྫོང་གི་རིག་རྩལ་ལས་དོན་པས་གཞས་ཆེན་《བཀྲ་ཤིས་པའི་ཉིན་མོ་》འཁྲབ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།