འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎ལྷ་མོའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་འཛིན་གྲྭའི་དུས་རིམ་དང་པོའི་ཚན་ཁག་གི་
    མཉམ་འཁྲབ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅༎ལྷ་མོའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་འཛིན་གྲྭའི་དུས་རིམ་དང་པོའི་ཚན་ཁག་གི་
མཉམ་འཁྲབ་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན།  ཟླ་5ཚེས་12ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་2016ལོའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་རོགས་སྐྱོར་ལས་འགུལ་སྟེ། ལྷ་མོའི་སྒྱུ་རྩལ་གསོ་སྐྱོང་འཛིན་གྲྭའི་དུས་རིམ་དང་པོའི་ཚན་ཁག་གིས་ལྷ་སར་འཁྲབ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། བོད་ལྗོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་ལྷ་མོའི་ལས་སྒོའི་རྐང་འཛིན་པ་དང་དོ་དམ་ཤེས་ལྡན་པ་45ཙམ་འཁྲབ་སྟོན་ལ་ཞུགས། ལྷ་མོ་ནི་ཀྲུང་གོའི་ཟློས་གར་དག་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཟློས་གར་རིགས་ཤིག་ཡིན་ལ། སྒྱུ་རྩལ་གྱི་མཚོན་སྟངས་དང་འཁྲབ་ལུགས་མང་པོ་ཡོད་ཅིང་། ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཡིན། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཁོངས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་མཚོན་བྱེད་ཀྱི་མིང་གཞུང་དུ་ཚུད། ཆ་རྒྱུས་བླངས་པ་ལྟར་ན། ད་རེས་ཀྱི་གསོ་སྐྱོང་འདི་ནི་དམངས་ཁྲོད་ཀྱི་ལྷ་མོ་སྲུང་སྐྱོང་དང་དར་སྤེལ་གཏོང་བ་རྨང་གཞིར་བྱས་ནས། ལྷ་མོ་ཆེད་མཁས་པ་དང་ལྷ་མོའི་ཆེད་ལས་དགེ་རྒན། དམངས་ཁྲོད་ཀྱི་ལྷ་མོའི་རྒྱུན་འཛིན་པ་ཕུལ་བྱུང་དག་ལྷན་ཞུགས་གནང་ནས། ལྷ་མོའི་ལོ་རྒྱུས་དང་། རྩ་བའི་སྟངས་སྟབས་ཀྱི་གནད་ཀ། འཁྲབ་གཞུང་ཁག་གི་འཁྲབ་སྟོན་ནུས་རྩལ། གདངས་དབྱངས་དང་རྔ་སྦུག་སོགས་པའི་རོལ་ཆ་རྡུང་དཀྲོལ་གྱི་རྩ་གནད་སོགས་པའི་སློབ་ཚན་ཡང་བཀོད་སྒྲིག་གནང་ཡོད་པ་རེད།
    ༄༅༎ལྷ་མོའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་འཛིན་གྲྭའི་དུས་རིམ་དང་པོའི་ཚན་ཁག་གི་
མཉམ་འཁྲབ་འགོ་བརྩམས་པ།
    ༄༅༎ལྷ་མོའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་འཛིན་གྲྭའི་དུས་རིམ་དང་པོའི་ཚན་ཁག་གི་
མཉམ་འཁྲབ་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།