འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎ 《སྐྱེ་བ་སྔ་ཕྱི། ཞའོ་ཉིང་གིས་བོད་ལྗོངས་ལ་བལྟ་བ་》ཞེས་པའི་སྣུམ་ཚོན་རི་མོའི་རྒྱལ་སྤྱིའི་
    འགྲེམ་སྟོན་ལྷ་སར་འགོ་ཚུགས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅༎ 《སྐྱེ་བ་སྔ་ཕྱི། ཞའོ་ཉིང་གིས་བོད་ལྗོངས་ལ་བལྟ་བ་》ཞེས་པའི་སྣུམ་ཚོན་རི་མོའི་རྒྱལ་སྤྱིའི་
འགྲེམ་སྟོན་ལྷ་སར་འགོ་ཚུགས།
         མི་དམངས་དྲ་བའི་འཕྲིན། རི་མོ་བ་ལིའུ་ཞའོ་ཉིང་གི་《སྐྱེ་བ་སྔ་ཕྱི། ཞའོ་ཉིང་གིས་བོད་ལྗོངས་ལ་བལྟ་བ》ཞེས་པའི་སྣུམ་ཚོན་རི་མོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྷ་སར་འགོ་ཚུགས་པ་དང་། ཐེངས་འདིར་བཀྲམས་པའི་སྣུམ་ཚོན་རི་མོ་100ལྷག་ཙམ་གྱིས་དྲི་མེད་དྭངས་གཙང་དང་ཞི་འཇགས་ཀྱི་མཐོ་སྒང་རྣམ་པ་ངོམས་ཡོད་པས། ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།
        གསར་འགོད་པར་ལིའུ་ཞའོ་ཉིང་གིས"འདི་ལྟ་བུའི་འགྲེམ་སྟོན་ཞིག་སྤེལ་དོན་ནི་ཉིན་གཅིག་ལ་འདི་ནས་ཡང་དམིགས་བསལ་གྱི་རི་མོ་བ་ཁྱུ་གཅིག་སྟེ། བོད་ལྗོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་བྱིས་པ་དག་བསུ་ཨེ་ཐུབ་སྙམ་པ་ཡིན"ཞེས་དང་། ངས་ས་འདིར་བྱ་བ་མི་འདྲ་བ་གཅིག་སྒྲུབ་འདོད་པ་ཡིན་ཟེར།
         ལིའུ་ཞའོ་ཉིན་གྱིས"ངས་རི་མོ་འབྲི་ལུགས་སྦྱོང་མྱོང་མེད་ལ། སྐྱེས་སྟོབས་ཀྱི་ཤེས་རབ་ཀྱང་མེད། ང་ལྟ་བུའི་མིའང་མང་པོ་ཡོད་ས་རེད། ངས་ལོ་གཉིས་ཀྱི་དུས་ཚོད་སྤྱད་ནས་བོད་ལྗོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་བྱིས་པ་དག་ལ་རི་མོ་འབྲི་བར་རོགས་སྐྱོར་བྱས་ནས། ཕྱི་རོལ་གྱི་ཡུལ་ལ་ཁོ་ཚོའི་མིག་ནང་གི་བོད་ལྗོངས་ཇི་འདྲ་ཞིག་ཡིན་པ་སྟོན་པའི་འཆར་གཞི་ཡོད"ཅེས་ཟེར་བ་དང་། ཁོ་ཚོ་འདི་གར་ནར་སོན་པས། ས་འདིར་བཟུང་བའི་རྣམ་འགྱུར་མི་གཞན་དང་མི་འདྲ་བ་ཡིན་ངེས་ཟེར། 
         2008ལོར་ཐོག་མར་བོད་ལ་ཡོང་བ་ནས་ད་བར་གྱི་ལོ་བཅུ་ལྷག་གི་དུས་ཚོད་ནང་། ལིའུ་ཞའོ་ཉིང་གི་རྐང་རྗེས་བོད་ལྗོངས་ཀྱི་ས་ཆ་མང་པོར་ཁྱབ་པ་དང་། ཁོ་རང་བརྒྱུད་པའི་དོན་དག་དང་འཕྲད་པའི་མིས་ད་ལྟ་ཡང་ཁོ་ལ་སེམས་འགུལ་ཐེབས་བྱེད་བཞག་ཡོད་ལ། ད་ལྟ་ཁོང་ལོ་59ལ་སོན་ནའང་ད་དུང་གང་སར་ཉུལ་བའི་འཚོ་བ་འདི་བློས་གཏོང་འདོད་མེད་པ་རེད། "ཕྱིས་ཀྱི་འཚོ་བའི་ནང་། ངས་ད་དུང་མཛེས་པ་འབུམ་གྱིས་ཕྱུག་པའི་ས་ཆ་འདི་འབྲི་མུས་ཡིན"ཟེར། 
         སྔོན་གྱི་ལོ་50ཡི་མི་ཚེའི་ནང་། ལིའུ་ཞའོ་ཉིང་གིས་པིར་སྨྱུག་འཛིན་མྱོང་མེད་ལ་ཆེད་ལས་ཀྱི་སྦྱོང་བརྡར་ཡང་ཐོབ་མྱོང་མེད་ནའང་། པིར་སྨྱུག་བཟུང་བའི་སྐད་ཅིག་མ་དེར། ཁོས་རང་གི་སེམས་ཀྱི་རི་མོ་ཕྱི་རུ་འགོད་པའི་ཐབས་རྙེད།
    【1】  【2】  【3】  【4】
    ༄༅༎ 《སྐྱེ་བ་སྔ་ཕྱི། ཞའོ་ཉིང་གིས་བོད་ལྗོངས་ལ་བལྟ་བ་》ཞེས་པའི་སྣུམ་ཚོན་རི་མོའི་རྒྱལ་སྤྱིའི་
འགྲེམ་སྟོན་ལྷ་སར་འགོ་ཚུགས།
      

    ཕྱོགས་བསྡུས་གསར་འགྱུར།