འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བྲག་འཛེགས་ཐོབ་ཐང་བརྩོན་ལེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་བྲག་འཛེགས་ཐོབ་ཐང་བརྩོན་ལེན།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་རང་བཞིན་རྣམ་གྲངས་ཀྱི་ཐོབ་ཐང་བརྩོན་ལེན་འགྲན་བསྡུར་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད། ཉེ་སྔོན་བོད་ལྗོངས་བྲག་འཛེགས་ཐོབ་ཐང་བརྩོན་ལེན་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དུ་མཇུག་བསྒྲིལ་ཞིང་། ཁྱོན་བསྡོམས་འཐུས་ཚབ་རུ་ཁག་13གྱི་བདམས་ཐོན་པ་55འགྲན་བསྡུར་ལ་ཞུགས་པ་རེད། མི་55ཚང་མ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐུབ་ཀྱི་མེད་པ་རེད། ཡིན་ནའང་མི་དེ་དག་ཚང་མའི་རྒྱབ་ཏུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་ལུས་རྩལ་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་དུམ་བུ་རེ་ཡོད་ངེས་རེད། གོང་གི་པར་རིས་ནི་ངག་དབང་རྒྱལ་མཚན་གྱིས་འགྲན་ཁུལ་ཏུ་གྲ་སྒྲིག་བྱེད་བཞིན་པ། ཁོང་ནི་ཁང་ཕྱིའི་ལུས་རྩལ་ལ་དགའ་ཞེན་ཡོད་པའི་མི་ཚང་མ་དང་འདྲ་བར། ལོ་22ལ་སོན་པའི་ངག་དབང་རྒྱལ་མཚན་ལ་ཤ་རིད་ཅིང་ནག་པོའི་ངོ་གདོང་ཞིག་ཡོད་པ་རེད། ཁོང་ནི་བོད་ལྗོངས་སློབ་ཆེན་ཡུལ་སྐོར་སློབ་གླིང་གི་སློབ་མ་ཡིན་མོད། ཡིན་ནའང་ཁོང་གི་དགའ་ཞེན་ཆེ་ཤོས་ནི་བྲག་འཛེག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།