འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དབུལ་སྒྲོལ་ལ་སྒྲུབ་ཤུགས་ཡོད་པ་མ་ཟད་རྗེས་སྣོན་ཤུགས་ཀྱང་ཆེན་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལྷོ་ཁའི་ལྷུན་པོ་ཞོལ་ཤང་གི་གྲོང་མི་ཆོས་སྒྲོན་གྱིས་ཁྱིམ་དུ་སྣམ་བུ་འཐག་པ།
    ལྷོ་ཁའི་ལྷུན་པོ་ཞོལ་ཤང་གི་གྲོང་མི་ཆོས་སྒྲོན་གྱིས་ཁྱིམ་དུ་སྣམ་བུ་འཐག་པ།
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ས་ཆ་འདི་ནི་མི་ཉུང་ལ་ས་རྒྱ་ཆེ་བའི"མི་ཡུལ་གྱི་དག་ཞིང"ཞིག་ཡིན། གནས་འདི་རུ་བརྗིད་ཆགས་ཀྱི་གངས་རི་དང་། མཚར་སྡུག་གི་ཉི་འོད། སྔོ་བསངས་ཀྱི་ནམ་མཁའ་བཅས་ཡོད། ལོ་66གི་ཡར་སྔོན་དུ། ས་ཆ་འདིའི་མི་དམངས་ལ་ཞི་བདེའི་བཅིངས་འགྲོལ་ཐོབ་པ་དང་། ལོ་58ཡི་ཡར་སྔོན་ལ། དམངས་གཙོ་བཅོས་བསྒྱུར་བྱས། ལོ་52ཡི་ཡར་སྔོན་ལ། རང་སྐྱོང་ལྗོངས་སྲིད་གཞུང་འཛུགས་ཐུབ་པ་བྱུང་བ་རེད། ཡིན་ནའང་། ལོ་རྒྱུས་དང་། རང་བྱུང་། སྤྱི་ཚོགས་སོགས་ཀྱི་ཤུགས་རྐྱེན་འོག བོད་ལྗོངས་ནི་ཡུན་རིང་དར་རྒྱས་ཞན་པ་དང་། དབུལ་ཕོངས་མི་གྲངས་མང་བའི་གནས་སུ་ལྷུང་ཡོད་པ་རེད།
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ཡོང་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་རེད། བོད་ལྗོངས་ཀྱི་དཔལ་འབྱོར་ལོ་མང་པོ་ཞིག་གི་རིང་གོམ་སྟབས་མགྱོགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་GDPའཕར་ཚད་ཀྱི་མདུན་གྲལ་དུ་ཚུད་ཡོད། བོད་ཁུལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇི་ལྟར་ཇེ་ལེགས་སུ་གཏོང་བ་དང་། བོད་ཁུལ་མང་ཚོགས་ཀྱི་ཡོང་འབབ་ཇི་ལྟར་མང་དུ་གཏོང་བ་ནི་དུས་ནམ་ཡང་ཏང་དང་སྲིད་གཞུང་གི་སེམས་སུ་བཞག་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། གཞི་གྲངས་དངོས་དང་མང་ཚོགས་ཀྱི་ངོ་གདོང་གི་འཛུམ་མདངས་སོགས་ལས་བོད་ལྗོངས་ཀྱི་དབུལ་སྒྲོལ་འབད་འཐབ་ལས་ཀར་གྲུབ་འབྲས་བླངས་ཡོད་པ་མཚོན་ལ། འབྱུང་འགྱུར་ཡང་། འཛམ་གླིང་ལ་གྲུབ་འབྲས་བཟང་པོ་སྔར་ལས་ལྷག་པ་མངོན་དུ་འཇུག་ངེས་རེད།
    ཚེ་རིང་སྒྲོལ་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ།
    ཚེ་རིང་སྒྲོལ་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ།
    སྣེ་གདོང་ཁུལ་གྱི་ནས་ལས་སྣོན་བཟོ་གྲྭ་ནས་ཐོན་པའི་ཐོན་རྫས།
    སྣེ་གདོང་ཁུལ་གྱི་ནས་ལས་སྣོན་བཟོ་གྲྭ་ནས་ཐོན་པའི་ཐོན་རྫས།
    ཆུ་ཤུར་གྲོང་རྡལ་མཚར་པ་ནང་གྲོང་ཚོའི་གྲོང་མི་ཞིག་གིས་མཉམ་ལས་ཁང་གི་བཞོན་མར་ཆས་སྟེར་བ།
    ཆུ་ཤུར་གྲོང་རྡལ་མཚར་པ་ནང་གྲོང་ཚོའི་གྲོང་མི་ཞིག་གིས་མཉམ་ལས་ཁང་གི་བཞོན་མར་ཆས་སྟེར་བ།
    འགན་ལེན་ལྔའི་ཕྱོགས་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་སུ་གནས་པའི་རྒད་པོ་དཔལ་འབྱོར།
    འགན་ལེན་ལྔའི་ཕྱོགས་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་སུ་གནས་པའི་རྒད་པོ་དཔལ་འབྱོར།
    འགན་ལེན་ལྔའི་ཕྱོགས་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་ཀྱི་རྒན་རྒོན་ཚོ་ཕྱི་རོལ་དུ་ལུས་སྦྱོང་བྱེད་པ།
    འགན་ལེན་ལྔའི་ཕྱོགས་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་ཀྱི་རྒན་རྒོན་ཚོ་ཕྱི་རོལ་དུ་ལུས་སྦྱོང་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།