འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ofoམཉམ་སྤྱོད་རྐང་འཁོར་སྟོང་ཕྲག་ལྷག་ལྷ་སར་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 17:03】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅།།ofoམཉམ་སྤྱོད་རྐང་འཁོར་སྟོང་ཕྲག་ལྷག་ལྷ་སར་འབྱོར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། མཉམ་སྤྱོད་རྐང་འཁོར་དངོས་སུ་ལྷ་སར་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། བོད་ལྗོངས་ཕྱོགས་ཀྱི་མཉམ་སྤྱོད་རྐང་འཁོར་ས་གནས་སྤྱི་གཉེར་པ་ལུའུ་ཧྲོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་5པར་ལྷ་སར་རྐང་འཁོར་སེར་པོ་2000ལྷག་འབྱོར་ནས་དཔེ་སྟོན་སྐྱེལ་གཉེར་དང་། སྐྱེལ་གཉེར་བྱས་འབྲས་དང་ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་རིམ་བཞིན་སྤྱོད་རྒྱུ་དང་། རྐང་འཁོར་སེར་པོ་10000སྤྱོད་འཆར་འདུག 
         ཤེས་རྟོགས་བྱུང་བ་ལྟར་ན། ofoརྐང་འཁོར་སེར་པོ་སྤྱོད་པའི་དུས་ཚོད་ནི་ཟླ་5ཚེས་14ནས་18བར་ཡིན་འདུག་ལ། སྤྱོད་སའི་གནས་ནི་གཙོ་བོ་པོ་ཏ་ལ་དང་ཇོ་ཁང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཉེ་འཁོར་ཡིན་པ་དང་། སྤྱོད་སའི་ལམ་ནི་ཅང་སུའུ་ལམ་དང་གཡུ་ཐོག་ལམ། པེ་ཅིང་དཀྱིལ་ལམ་དང་པེ་ཅིང་ཤར་ལམ་བཅས་སྤྱོད་གནས་40དང་། རྐང་འཁོར་འཇོག་ས་བསྡོམས40ཡོད། ལུའུ་ཧྲོང་གིས"དེ་རིང་། ofoརྐང་འཁོར་སེར་པོ་ཤར་ཕྱོགས་གློག་འཕྲིན་ས་ཚིགས་དང་ར་མོ་ཆེ་ས་ཚིགས། ཧྥུའུ་ཁང་སྨན་ཁང་དང་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ས་ཚིགས། བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པ། སློབ་གསོ་ཐིང་དང་བདེ་སྲུང་སྨན་ཁང་། གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་། མིང་ཏུའུ་ཚོང་དོན་བཅས་གནས་10ལ་རྐང་འཁོར་ཁྱོན་བསྡོམས་400བཏང་ཡོད"ཅེས་ཟེར།
         བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཟུར་པ་ཞུའུ་ཝུན་ཆང་གིས། ofoརྐང་འཁོར་སེར་པོ་ལྷ་ས་གྲོང་ཁྱེར་དུ་སྤྱད་པ་དེས། ཕྱོགས་གཅིག་ནས་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཁེབས་ཚད་ཆེ་རུ་གཏོང་བ་དང་། སྤྱི་པའི་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བ། དལ་གཏོང་གི་འགྲིམ་འགྲུལ་མ་ལག༌གཏོད་པ། རྒྱ་ཆེའི་མི་དམངས་བདེ་འཇགས་དང་སྟབས་བདེ། འགྲོ་སྐྱོད་བདེ་པོ་ཡོང་བ་བཅས་ཀྱི་སྟབས་བདེ་བསྐྲུན་ཡོད་ལ། ཕྱོགས་གཞན་ཞིག་ནས་ལྷ་སའི་ཁྲོམ་ལ་ཚན་རྩལ་གྱི་ཉམས་གསར་པ་གཏོད་ནས། ལྟ་ན་སྡུག་པའི་གྲོང་ཁྱེར་གྱི་ཡུལ་ལྗོངས་ཤིག་གསར་གཏོད་བྱས་ནས། ལྷ་སའི་མཛེས་ལྗོངས་ཇེ་བཟང་དུ་གཏོང་ཐུབ་ཟེར། 
          ལྷ་ས་ནི་ofoརྐང་འཁོར་སེར་པོས་འཛམ་བུ་གླིང་དུ་བཅའ་སྡོད་བྱས་པའི་གྲོང་ཁྱེར་ཨང་100པ་ཡིན་ལ། དེས་ofoརྐང་འཁོར་སེར་པོ་ནི་འཛམ་གླིང་ཐོག་ད་སྔ་རྒྱལ་ཁབ4དང་གྲོང་ཁྱེར་100ལ་ཞབས་ཞུ་བསྒྲུབ་པའི་མཉམ་སྤྱོད་རྐང་འཁོར་གྱི་འགྲོ་སྐྱོད་སྟེགས་བུ་ཐོག་མ་ཡིན་པ་མཚོན་ཡོད། འདིའི་སྔོན་ལ་ofoརྐང་འཁོར་སེར་པོ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་ཡོད་པ་རེད།
    ༄༅།།ofoམཉམ་སྤྱོད་རྐང་འཁོར་སྟོང་ཕྲག་ལྷག་ལྷ་སར་འབྱོར་བ།
      

    ཕྱོགས་བསྡུས་གསར་འགྱུར།