འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་གདེང་འཇོག་
    གང་ལེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་ཁ་རེ་ཤེ་ཡའི་ཙུང་ཐུང་ཀེ་ལ་པར—ཅི་ཐ་རོ་ཝུའེ་ཆིས་ཉེ་ཆར་པེ་ཅིང་དུ་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལམ་ལྷོངས་བྱུང་ཡོད། ངས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་25འཁོར་བ་གོ་སྐབས་སུ་བྱས་ཏེ་ཕྱོགས་གཉིས་པོའི་དབར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཀེ་ལ་པར—ཅི་ཐ་རོ་ཝུའེ་ཆི་ཡིས་དེ་ཉིན་དགོང་མོ་ཁ་རེ་ཤེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཉེར་བའི་ཀྲུང་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་25འཁོར་བའི་སྣེ་ལེན་འདུ་ཚོགས་དང“རྒྱུད་གཅིག་ལམ་གཅིག”གི་པར་རིས་འགྲེམས་སྟོན་ལ་ཞུགས་སྐབས་གསར་འགོད་པར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལམ་ལྷོངས་བྱུང་ནས་འབྱུང་འགྱུར་མཉམ་ལས་ཀྱི་ཐབས་ལམ་མང་པོ་ཞིག་གྲོས་བསྡུར་བྱས་ཡོད་པ་དང་། ཁོང་གི་ཕྱི་འབྲེལ་དང་ཡོ་རོབ་ལས་དོན་གྱི་བློ་འདྲི་བས་ཙུང་ཐུང་གི་དམིགས་བསལ་ཕོ་ཉའི་ངོས་ནས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་མ་ཟད་ཆ་འཕྲིན་གལ་ཆེན་མང་པོ་ཞིག་འཁྱེར་ཡོད་ཅེས་བཤད་པ་རེད།
         ཀེ་ལ་པར—ཅི་ཐ་རོ་ཝུའེ་ཆི་ཡིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད་དེ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་གནང་བ་རེད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཁ་རེ་ཤེ་ཡ་ཕྱོགས་ནས་བཏོན་པའི་ཡ་ཏེ་ལི་ཡ་རྒྱ་མཚོ་དང་། པོ་ལོ་ཏི་རྒྱ་མཚོ། མཚོ་ནག་བཅས་ཀྱི་མཉམ་ལས་(མཚོ་གསུམ་མཉམ་ལས་)ཀྱི་གྲོས་འགོ་དང་ཧ་ཅང་འཚམ་པོ་ཡོད་པ་དང་། མཉམ་ལས་ལས་སྟེགས་འདི་གཉིས་པོས་ཕྱོགས་གཉིས་པོའི་རིག་གནས་དང་། ཚན་རྩལ། ལུས་རྩལ། ཡུལ་སྐོར། ཚོང་དོན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་ལ་ནུས་རྒྱུ་དང་། འགྲིམ་འགྲུལ། རྨང་གཞིའི་སྒྲིག་བཀོད། དཔལ་འབྱོར་ཚོང་དོན་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ལའང་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
         ཁ་རེ་ཤེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུའུ་ཀྲའོ་མིང་གིས་ཀྲུང་ཁེའི་འབྲེལ་བ་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པ་དང་གོ་སྐབས་གསར་པ་འཕྲད་མུས་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་པ་དང“མཚོ་གསུམ་མཉམ་ལས”ཀྱི་གྲོས་འགོ་དང་དེ་བཞིན“16+1”གི་མཉམ་ལས་(ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་)བཅས་ནི་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་སྔར་བས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་པའི་སྒུལ་ཤུགས་ཆེན་པོ་གསུམ་ཡིན་ཞེས་བཤད་པ་རེད།
         པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་རྗེས་ཕྱིར་ལོག་མ་ཐག་པའི་ཁ་རེ་ཤེ་ཡའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་སྨི་ཧའེ་ལིན་པར་རིས་འགྲེམས་སྟོན་ནང་ཞུགས་པ་རེད།
         ཁ་རེ་ཤེ་ཡའི་སྲིད་ཕྱོགས་མི་སྣ་གལ་ཆེན་ཁག་གཅིག་དང་། ཁ་རེ་ཤེ་ཡར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་དེ་བཞིན་ཕྱིར་སྡོད་རང་མི་དང་ཕྱིར་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་མི་300ལྷག་ཙམ་དེ་ཉིན་གྱི་སྣེ་ལེན་འདུ་ཚོགས་ལ་ཞུགས་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་པར་རིས་འགྲེམས་སྟོན་ལ་བལྟས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།