འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་འབར་མའི་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་ནས་ཀྲུང་གོར་མ་བཅོས་རྡོ་སྣུམ་
    འདྲེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། ཀྲུང་གོའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིས་དེ་ཉིན་གྱི་ཆུ་ཚོད་16ཐོག་ཀྲུང་གོ་དང་འབར་མའི་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་ནང་གི་མ་བཅོས་རྡོ་སྣུམ་ཡུན་ནན་རུའེ་ལིས་ནས་ཀྲུང་གོར་དངོས་སུ་འདྲེན་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
         “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འབར་མར་ལག་ལེན་བསྟར་བའི་སྣེ་ཁྲིད་ཀྱི་རྣམ་གྲངས་སྟེ། ཀྲུང་འབར་སྣུམ་རླངས་མདོང་ལམ་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན་པའི་ཀྲུང་འབར་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་ལས་གྲྭ་འདི་ལོའི་ཟླ་4པར་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ད་ཐེངས་ཀྱི་ས་ཁོངས་ཕྱི་ནང་དུ་མ་དངུལ་བཏང་ནས་སྐྲུན་པའི་མདོང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1420ཡོད་པ་རེད། སྤྱོད་འགོ་ཚུགས་རྗེས་འབར་མར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་རྒྱུ་མ་ཟད་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་སྐུལ་ཁྲིད་ནུས་ལྡན་ཐེབས་རྒྱུ་ཡིན་ཞིང་།
      

    ཕྱོགས་བསྡུས་གསར་འགྱུར།