འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ས་ཁུལ་དབུལ་པོའི་རིན་མེད་དྲ་རྒྱའི་སྨན་བཅོས་བློ་འདྲིའི་རྣམ་གྲངས་ལག་བསྟར་
    བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན་ཀྲུང་གོའི་ས་ཁུལ་དབུལ་པོའི་རིན་མེད་དྲ་རྒྱའི་སྨན་བཅོས་བློ་འདྲིའི་རྣམ་གྲངས་པེ་ཅིང་དུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་དེའི་དུས་ཐེངས་དང་པོར་མ་དངུལ་སྒོར་ཁྲི་9000བཏང་ནས་རང་རྒྱལ་གྱི་ས་ཁུལ་དབུལ་པོའི་མང་ཚོགས་མི་ཐེངས་ཁྲི་500ལ་རིན་མེད་སྨན་བཅོས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྩིས་ཡོད་པ་རེད།
           2016ལོའི་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། རང་རྒྱལ་དུ་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་། ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་ཚད་ཀྱིས་མི་འབོར་དབུལ་པོའི་44.2%ཟིན་པ་དང་། ནད་ཡམས་ནི་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་འགལ་རྐྱེན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས་བདེ་ཐང་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་ས་ཁུལ་དབུལ་པོའི་རིན་མེད་དྲ་རྒྱའི་སྨན་བཅོས་བློ་འདྲིའི་རྣམ་གྲངས་དེ“ལས་རེས་སྨན་བཅོས་ཁང”གི་དྲ་རྒྱའི་སྨན་ཁང་གི་ལས་སྟེགས་ལ་བརྟེན་པ་དང་ལས་སྟེགས་ཧྲིལ་པོར་རིགས་གཅིག་མཁས་ཅན་སྤྱོད་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་རྩེ་རིམ་གསོ་རིག་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ས་ཁུལ་དབུལ་པོའི་མང་ཚོགས་ཚོར་ཆེད་ལས་ཀྱི་སྤྱི་ཕན་བདེ་ཐང་བློ་འདྲི་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར“ལས་རེས་སྨན་བཅོས་ཁང”གི་དྲ་རྒྱའི་སྨན་ཁང་གིས་འཕྲོད་བསྟེན་གཙོ་གཉེར་སྡེ་ཚན་དང་མཉམ་འབྲེལ་ཐོག“ལས་རེས་སྨན་བཅོས་ཁང་གི་བདེ་ཐང་དབུལ་སྐྱོར”གྱི་ཆེད་དོན་རྣམ་གྲངས་བཙུགས་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ས་ཁུལ་དབུལ་པོར་ཕྱོགས་ནས་ས་གནས་དེ་གའི་གྲོང་མིར་རིན་མེད་ཀྱི་སྨན་བཅོས་བློ་འདྲི་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།