འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨེ་ཙིའི་ནད་ཀྱི་ལ་འོད་དྲན་གསོའི་ཉིན་མོའི་བྱེད་སྒོ་ཐེངས་34པ་པེ་ཅིང་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་21ཉིན་ནི་རྒྱལ་སྤྱིའི་ཨེ་ཙིའི་ནད་ཀྱི་ལ་འོད་དྲན་གསོའི་ཉིན་མོ་ཐེངས་34པ་ཡིན་པ་དང་། “བརྩེ་སེམས་ལ་བརྟེན་ནས་ལ་འོད་འཕྲོ་བར་བྱེད”ཅེས་པའི་2017ལོའི་རྒྱལ་སྤྱིའི་ཨེ་ཙིའི་ནད་ཀྱི་ལ་འོད་དྲན་གསོའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་གཉེར་ཞིང་། བྱེད་སྒོ་དེ་ཀྲུང་ཧྭ་དར་མདུད་དམར་པོ་ཐེབས་རྩས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙིའི་ནད་ཀྱི་འཆར་འགོད་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས“བུད་མེད་དང་བྱིས་པ་ཚང་མ”ཞེས་པའི་ཀྲུང་གོའི་མཉམ་ལས་རོགས་ཟླའི་དྲ་རྒྱ་བཅས་ཀྱིས་མཉམ་གཉེར་བྱས་པ་རེད།
          1983ལོ་ནས་བཟུང་། ལོ་ལྟར་གྱི་ཟླ་ལྔ་པའི་གཟའ་ཉི་མ་ཐེངས་གསུམ་པ་དེ་རྒྱལ་སྤྱིའི་ཨེ་ཙིའི་ནད་ཀྱི་ལ་འོད་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་དང་། དེ་ནི་ཨེ་ཙིའི་ནད་འགོས་ནས་འཆི་མཁན་ཚོར་ཡོངས་བསྒྲགས་ངང་མྱ་ངན་ཞུ་བའི་ཉིན་མོ་ཞིག་རེད་ལ། འདྲ་མཉམ་དར་སྤེལ་གཏོང་བ་དང་། མཐོང་ཆུང་ལ་ངོ་རྒོལ་བྱེད་པ། ཨེ་ཙིའི་ནད་འགོག་པའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ཀྱི་དམིགས་བསལ་ཉིན་མོ་ཞིག་ཀྱང་རེད།
         རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧོང་མོང་ཕུའུ་ཡིས་ཤིས་ཚིག་གསུང་སྐབས། ཀྲུང་ཧྭ་དར་མདུད་དམར་པོ་ཐེབས་རྩས་འོད་ཟེར་གྱི་འདུ་ཤེས་ཟབ་མོ་དང་ཁེ་ལས་མཁས་ཅན་གྱིས་ཞལ་འདེབས་རྒྱག་པའི་བྱེད་པོའི་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་རྒྱ་ཁྱབ་ངང་མཉམ་འབྲེལ་གྱིས་ཨེ་ཙིའི་ནད་འགོག་པའི་སྤྱི་ཕན་བྱེད་སྒོ་སྤེལ་བས། ཁེ་ལས་མཁས་ཅན་གྱི་ཞལ་འདེབས་རྒྱག་པའི་འདུན་པ་མངོན་འགྱུར་བྱུང་ནས་དར་མདུད་དམར་པོའི་ཐེབས་རྩས་མཐོང་ཆུང་གཏན་ནས་མི་བྱེད་པ་དང་ཨེ་ཙིའི་ནད་གཅིག་ཀྱང་མི་ཐོན་པ་བྱེད་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་ཐོག་མཐའ་བར་གསུམ་དུ་སྐྱོད་བཞིན་ཡོད་ཅེས་གསུངས།
         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་གཙོ་སྐྱོང་པ་པའེ་ཡན་སུང་དང་པེ་ཅིང་དར་མདུད་དམར་པོའི་ཁྱིམ་གཞིས་ཀྱི་དྲུང་ཆེ་གཞོན་པ་ཝང་ཁེ་རུང་རྣམ་གཉིས་ཀྱིས། སྤྱི་ཚོགས་ཡོངས་ལ་སྔར་བས་བསྟུན་མཁས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་བཏོད་དེ་ཨེ་ཙིའི་ནད་འགོས་པའི་མི་གྲོགས་མེད་ཁེར་རྐྱང་དུ་མི་ལུས་པར་ང་ཚོས་ངེས་པར་དུ་ཁོང་ཚོར་འོད་ཟེར་དང་རེ་བས་ཁེངས་པའི་ལམ་བུའི་ཐོག་སྐྱོད་རོགས་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། ཀྲུང་གོ་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཨའེ་གཡོད་སྐྱེས་པའི་མཉམ་གཞས་ཚོགས་པའི་ཁོངས་མིས་གླུ་དབྱངས་བརྒྱུད་ཨེ་ཙིའི་ནད་འགོས་མཁན་ཚོར་དྲང་ནུས་ཆེན་པོ་བརྒྱུད་སྤེལ་བྱས་པ་དེ་ནི་གཞས་ཚིག་གི་ནང་དོན་དང་གཉིས་སུ་མ་མཆིས། ཁོང་ཚོའི་སེམས་ནང“མི་མངོན་པའི་གཤོག་ཟུང”ཡོད་པ་བྱས་ནས་གདེང་ཚོད་ཡོད་པ་དང་འགྱུར་མེད་སྟོབས་ལྡན་གྱི་སྒོ་ནས་སོ་སོའི་མི་ཚེར་ལྟ་སྟངས་ཡང་དག་འཛིན་རྒྱུའི་རེ་བ་བཅོལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།