འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།《པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐད་ཡིག་ཞབས་ཞུའི་བྱ་སྤྱོད་འཆར་གཞི་》
    ལག་བསྟར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་། སློབ་གསོ་པུའུ། རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་བཅས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དུ་《པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐད་ཡིག་ཞབས་ཞུའི་བྱ་སྤྱོད་འཆར་གཞི་》(གཤམ་དུ་《བྱ་སྤྱོད་འཆར་གཞི་》ཞེས་བསྡུ་རྒྱུ)ལག་བསྟར་བྱེད་འགོ་ཚུགས་པ་རེད།
          《བྱ་སྤྱོད་འཆར་གཞི་》འདིས“སྤྱི་འདོམས་མཐུན་སྦྱོར་དང་། སྐུལ་འདེད་ཏན་ཏིག མཉམ་སྐྲུན་མཉམ་སྤྱོད། སྒོ་དབྱེ་མཉམ་ལས། རྣམ་གྲངས་སྣེ་ཁྲིད། ཚན་རྩལ་འདེགས་སྐྱོར། གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ”བཅས་རྩ་དོན་དུ་བྱས་ཏེ་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱི་སྐད་ཡིག་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་། མཐོ་སློབ། ཚན་ཞིབ་སྒྲིག་གཞི། ཁེ་ལས་དང་སྤྱི་ཚོགས་བཅས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་སྐད་ཡིག་གི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དང་སྤུས་ལེགས་ཀྱི་སྐད་ཡིག་གི་ཞབས་འདེགས་ཞུ་རྒྱུ་རེད།
          པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དགོས་མཁོ་གཞིར་བཟུང་《བྱ་སྤྱོད་འཆར་གཞིའི་》ནང་རྨང་གཞིའི་ཐོན་ཁུངས་བསྐྲུན་རྒྱུ་དང་། ཚད་ལྡན་གྱི་ཚད་གཞི་བཟོ་རྒྱུ། གྲོང་ཁྱེར་གྱི་སྐད་ཡིག་ཁོར་ཡུག་ལེགས་སུ་གཏོང་རྒྱུ་སོགས་ལ་དམིགས་ནས་འབྲེལ་ཡོད་རྣམ་གྲངས་ལ་སྐུལ་འདེད་བཏང་ཡོད། ད་དུང་སྐད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་འདུས་གྲུབ་དང་། སྐད་ཡིག་ཕབ་སྒྱུར་དང་གསོ་སྦྱོང་ཞབས་ཞུ། ཨོ་རྩལ་འགྲན་ཚོགས་ཀྱི་སྐད་ཡིག་ཁོར་ཡུག་ལེགས་སུ་གཏོང་བ། ཕྱི་རྒྱལ་གྱི་སྐད་ཡིག་དང་བླངས་པ་གསོ་སྦྱོང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐད་ཡིག་རིག་གནས་འགྲེམས་སྟོན་མྱོང་རོལ་རྣམ་གྲངས། དམིགས་བསལ་མི་ཚོགས་ལ་ཞབས་འདེགས་ཞུ་བའི་སྐད་ཡིག་དགོས་མཁོ་སོགས་ལས་དོན་གྱིས་ལས་འགན་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།