འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་ཧྭའི་རིག་གནས་ཕྱོགས་བཞིར་སྤེལ”ཞེས་པའི་བྱེད་སྒོ་ཧུའུ་ནན་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན“ཀྲུང་ཧྭའི་རིག་གནས་ཕྱོགས་བཞིར་སྤེལ—ཧུའུ་ནན་དུ་སྐྱོད་པའི”བྱེད་སྒོ་ཁྲང་ཧྲ་རུ་འགོ་ཚུགས་ཤིང་། དུས་ཡུན་ཉིན་5ཡི་བྱེད་སྒོ་བརྒྱུད་ཧུའུ་ནན་མི་དམངས་ལ་རིག་གནས་ཀྱི་གསོལ་སྟོན་གྲ་རྒྱས་པོ་ཞིག་གཤོམ་རྒྱུ་ཡིན་པ་རེད།
         བྱེད་སྒོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་དང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་། ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཝང་མོང་དང་། ཝང་ལི་ཕིང་། ཀེ་ཅན་ཞུང་། ཡེ་ཡུང་ལེ་སོགས་རིག་གནས་པ་གྲགས་ཅན་གདན་དྲངས་ནས་འཆད་ཁྲིད་བྱས་པ་དང་། དབྱིན་ཀྲེ་ཀོང་དང་ཚའེ་ཀྲེང་རེན་སོགས་སྒྱུ་རྩལ་པ་གྲགས་ཅན་གདན་དྲངས་ནས་རིག་རྩལ་མཐུན་འབྲེལ་དགོང་ཚོགས་ལ་ཞུགས་པ་མ་ཟད། ད་དུང་ཁྲང་ཧྲ་རྟེན་རྫས་བཤམས་མཛོད་ཁང་དུ་ཆི་པའེ་ཧྲེ་དང་། ཁྲེན་པན་ཏིང་། ཆི་ཀུང་སོགས་གྲགས་ཅན་པའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་ཚུད་པའི་ཀྲུང་གོའི་ཡིག་གཟུགས་དང་རི་མོའི་བརྩམས་བྱ་རྩེ་གྲ་150ལྷག་འགྲེམས་སྟོན་བྱས་ནས་ཧུའུ་ནན་མི་དམངས་ལ་ཐག་ཉེ་ས་ནས་མཁས་དབང་དང་ཁོང་ཚོའི་བརྩམས་ཆོས་རྩེ་གྲར་མྱོང་རོལ་བྱེད་པའི་གོ་སྐབས་ཤིག་སྤྲད་པ་རེད།
         “ཀྲུང་ཧྭའི་རིག་གནས་ཕྱོགས་བཞིར་སྤེལ”ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གིས་2013ལོ་ནས་སྤེལ་བའི་མུ་འབྲེལ་རིག་གནས་བྱེད་སྒོ་ཆེ་གྲས་ཤིག་ཡིན་པ་དེའི་དམིགས་ཡུལ་ནི་ས་གནས་ཁག་གི་རིག་གནས་ཐོན་ཁུངས་སྔོག་འདོན་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་སྐུལ་སྤེལ་གཏོང་ཆེད་ཡིན། སྔ་རྗེས་སུ་ཀུའེ་ཀྲོའུ་དང་། ཡུན་ནན། ཁྲུང་ཆིང་། ཀན་སུའུ། ཤིན་ཅང་། ཨའོ་མོན། ཀྲེ་ཅང་སོགས་ས་ཁུལ་དུ་སྤེལ་བར་ས་གནས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།