འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཇུས་འདོན་ཚོགས་པས“རྒྱུད་གཅིག་ལམ་གཅིག”བསྐྲུན་ཆེད་ཆུ་ཚད་དེ་བས་མཐོ་བའི་
    རིག་སྟོབས་ཀྱི་འདེགས་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་འབྲེལ་ཡོད་རྒྱལ་སྤྱིའི་ཇུས་འདོན་ཚོགས་པ་དང་མཉམ་དུ་གཏོད་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱས་ཉེ་དུས་པེ་ཅིང་དུ་བྱ་སྤྱོད་བསྒྲགས་གཏམ་སྤེལ་ནས་སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་དེ་བཞིན་དམངས་སེམས་མཐུན་རྒྱུར་སྐུལ་འདེད་གཏོང་བ་སོགས་བཏོན་པ་དེས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་ཆུ་ཚད་དེ་བས་མཐོ་བའི་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་ཡོད་པ་རེད།
         དེ་ནི་གསར་འགོད་པས་ཉེ་དུས་པེ་ཅིང་དུ་འཚོགས་པའི“དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱའི་2017ལོའི་ལོ་ཚོགས”ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ད་ཐེངས་ཀྱི་ལོ་ཚོགས་ནི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་ལེ་ལག་ཚང་བའི་བྱེད་སྒོ་ཞིག་རེད། ལོ་ཚོགས་ཐོག་དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱའི་ཁོངས་མི་དང་རོགས་ཟླས“རྒྱུད་གཅིག་ལམ་གཅིག”མཉམ་གྲོས་མཉམ་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་པ་དང་ཆབས་ཅིག་《དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱའི་པེ་ཅིང་གི་ཐུན་མོང་བྱ་སྤྱོད་ཀྱི་བསྒྲགས་གཏམ་》སྤེལ་ཡོད། བསྒྲགས་གཏམ་དེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གསལ་ཐོའི་ནང་བཅུག་ཡོད།
         བསྒྲགས་གཏམ་ནང“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་གོ་སྐབས་བཟང་པོ་དེ་དམ་འཛིན་དང་གསར་གཏོད་བྱེད་པར་དེའི་ནང་ཞུགས་མཁན་ཕྱོགས་ཀྱིས་སྔར་བས་གཏིང་ཟབ་དང་རྒྱ་ཁྱབ་ཀྱི་མཉམ་ལས་བྱེད་དགོས། སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་དེ་བཞིན་དམངས་སེམས་མཐུན་རྒྱུར་སྐུལ་མ་གཏོང་རྒྱུ་ནི་དེའི་ནང་གི་འགག་རྩའི་བྱ་ཐབས་དང་ལས་འགན་གཙོ་གནད་ཅིག་རེད། དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱས་ངེས་པར་དུ་དེའི་ཆེད་བློ་གྲོས་འདོན་སྤེལ་བྱས་ནས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་དགོས་ངེས་ཡིན། མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་། ཆ་འཕྲིན་སྤེལ་རེས་དང་། ཤེས་བྱ་མཉམ་སྤྱོད། མཉམ་ལས་ཞིབ་འཇུག ནུས་པ་འཛུགས་སྐྱོང་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་ཆེད་ཆུ་ཚད་དེ་བས་མཐོ་བའི་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས་ལུགས་འཁོད་ཡོད།
         “རྒྱུད་གཅིག་ལམ་གཅིག”བསྐྲུན་པར་བློ་རིག་སྔོན་དུ་སྐྱོད་དགོས་པ་དང་ཇུས་འདོན་ཚོགས་པའི་འདེགས་སྐྱོར་གྱི་ནུས་པར་ཤུགས་སྣོན་རྒྱག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝུའེ་ཡིས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་འཚོགས་པ་དེ་ཐོག་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། དུས་མཚམས་དེར་ཇུས་འདོན་ཚོགས་པའི་ནུས་པ་སྔར་བས་གལ་ཆེན་པོ་ཡིན། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ཇུས་གཞི་དང་ཐབས་ལམ་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཆར་འགོད་འབྲེལ་མཐུད་དང་། སྲིད་ཇུས་ཀྱི་མཐུན་སྦྱོར། ལམ་སྲོལ་ཇུས་འགོད་བཅས་ཐད་སྲིད་གཞུང་གི་ཇུས་འདོན་དང་ལས་རོགས་ཡག་པོ་ཞིག་བྱེད་དགོས་པའི་ངོ་སྤྲོད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པ་དང་མཉམ་འབྲེལ་བྱས་ནས་2014ལོར་ཐུན་མོང་ཐོག་བཏོད་པ་དང་ཆབས་ཅིག་2015ལོའི་ཟླ་10ཚེས་28ཉིན་སི་ཕེན་གྱི་མ་ཏེ་རིར་དངོས་སུ་བཙུགས་པའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་དྲ་རྒྱ་ཞིག་རེད། མིག་སྔའི་བར་དར་གོས་ལམ་བུའི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་དྲ་རྒྱར་ཁོངས་མི་དང་རོགས་ཟླའི་སྒྲིག་གཞི་ཁྱོན་54ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།