འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་ཡི་དཔྱིད་དུས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྐབས་34པ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དོ་དམ་ཅུས་དང་། ཧྲང་ཧའེ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཧྲང་ཧའེ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་ཧྲང་ཧའེ་ཡི་དཔྱིད་དུས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྐབས་34པ་ཚེས་18ཉིན་གྱི་དགོང་མོ་ཧྲང་ཧའེ་རུ་མཇུག་འགྲིལ་བ་རེད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལེན་ཞུ་བའི་བརྒྱུད་ལམ་སྣེ་མང་གི་མཉམ་དཀྲོལ་རོལ་དབྱངས་ཀྱི་མ་རྩོམ་《དར་གོས་ལམ་བུའི་ཕུགས་འདུན་》ཞེས་པ་དཀྲོལ་གཏོང་བྱས་ཏེ་བརྗིད་ཉམས་ཆེ་བའི་རོལ་དབྱངས་ལེ་ཚན་ཐོག་ནས་བརྗེད་པར་དཀའ་བའི་རོལ་དབྱངས་འགྱུར་ཁུག་ཁྲོད་དཔྱིད་དུས་ལ་རྫོགས་རྟགས་ཤིག་བཀོད་པ་རེད།
          ཟླ་4ཚེས་28ཉིན་ནས་ཟླ་5ཚེས་18ཉིན་བར་དུས་ཡུན་གཟའ་འཁོར་གསུམ་གྱི་རོལ་དབྱངས་དུས་ཆེན་རིང་ཀྲུང་གོ་དང་། ཨ་རི། ཧྥ་རན་སེ། ཕོ་ལན། སུའེ་ཙེར། དབྱིན་ཇི་སོགས་རྒྱལ་ཁབ་བཅུ་ལྷག་ཙམ་གྱི་རོལ་དབྱངས་ཚོགས་པ་དང་། རོལ་དབྱངས་མཁས་ཅན། ཞབས་བྲོ་མཁས་ཅན་བཅས་ཀྱིས་ཧྲང་ཧའེ་རུ་ངོ་མཚར་ཆེ་བའི་རོལ་དབྱངས་དང་ཞབས་བྲོ་ཁག་39འཁྲབ་སྟོན་བྱས་པ་མ་ཟད། ནང་དོན་ཕུན་སུམ་ཚོགས་ལ་བྱེད་ཐབས་སྣ་མང་གི་འགྲེམས་འཁྲབ་དང་སྒྱུ་རྩལ་སློབ་གསོའི་བྱེད་སྒོ་སོགས་སྤེལ་བ་རེད། བརྩམས་ཆོས་གསར་པ་མང་པོ་ཞིག་སྐབས་འདིའི་ཧྲང་ཧའེ་ཡི་དཔྱིད་དུས་རོལ་དབྱངས་དུས་ཆེན་ཐོག་འཁྲབ་སྟོན་ཐེངས་དང་པོ་བྱས་པས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་ཁྱབ་འགོ་ཚུགས།
          གྲངས་གཞི་ལས་མངོན་དོན། ཧྲང་ཧའེ་ཡི་དཔྱིད་དུས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྐབས34པ་བརྒྱུད་ཧྲང་ཧའེ་ཡི་སྒྱུ་རྩལ་ཁང་དང་། ཟློས་གར་ཁང་། ཐང་ཆེན་བཅས་སུ་མི་ཐེངས་ཁྲི་9ལྷག་ཙམ་རྒྱལ་ཡོངས་དང་འཛམ་གླིང་ས་ཕྱོགས་ཁག་གི་བརྩམས་ཆོས་གསར་པ་དང་གྲགས་ཅན་མི་སྣ་དང་ཚོགས་པའི་འཁྲབ་སྟོན་ལྟ་བར་ཡོང་བ་དང་། མི་ཐེངས་ཁྲི་57ལྷག་ཙམ་གྱིས་དྲ་རྒྱའི་ཐོག་ནས་འཁྲབ་སྟོན་དང་བྱེད་སྒོ་མང་པོ་ཐད་གཏོང་བྱས་པར་བལྟས་པ། འབུད་གཏོང་རོལ་ཆ་དཀྲོལ་རྒྱུར་དགའ་པོ་ཡོད་མཁན་ཁྲི་15ལྷག་ཙམ་གྱིས་འབུད་གཏོང་རོལ་ཆའི་སྒྱུ་རྩལ་དུས་ཆེན་སོགས་ལ་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།