འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རང་རྒྱལ་གྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་
    སྟོན་ལས་དོན་མུ་མཐུད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་5ཚེས་19ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་ཡོང་བར་སྔར་བས་སྐུལ་མ་གཏོང་ཆེད། ནོར་སྲིད་པུའུ་དང་། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་ཉེ་ཆར་བརྡ་ཐོ་བཏང་ནས་2017ལོར་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་མུ་མཐུད་བྱེད་པའི་ཐག་བཅད་པ་རེད།
           བརྡ་ཐོའི་ནང་བླང་བྱ་བཏོན་དོན། 2017ལོར་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ས་ཁུལ་དབུལ་པོར་མུ་མཐུད་ཕྱོགས་པ་དང་ཁྱབ་ཁོངས་ཞིབ་ཕྲ་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་གཅིག་སྡུད་ཡུག་སྒྲིལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་》ནང་བཅུག་པའི་ཅང་ཤིས་དང་། ཧྥུའུ་ཅན། ཀོང་ཏུང་བཅས་དང་དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ། ཙའོ་ཡོའུ་ཅང་། ཏ་པེ་རི་བོ། ཧྲའན་ཀན་ཉིང་། ཁྲོན་ཞ། དབྱི་མོང་སོགས་དབུལ་ཕོངས་དང་དར་རྒྱས་འགྲོ་འགོར་བའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་རྫོང་གཙོ་བོ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།