འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་སྤྲོད་རྩ་གནད་ཀྱི་སྤྱིའི་སྒྲོམ་གཞིར་འགྱུར་ལྡོག་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁྲིམས་འཛིན་པུས་རྩོམ་འབྲི་དང་བཟོ་བཅོས་བརྒྱབ་པའི་《2017ལོའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་སྤྲོད་རྩ་གནད་》ཟླ་5ཚེས་19ཉིན་བཀྲམ་པ་རེད།
            རྒྱུགས་སྤྲོད་རྩ་གནད་ནི་ཁྲིམས་འཛིན་རྒྱུགས་སྤྲོད་འདྲི་གཞི་དང་རྒྱུགས་སྤྲོད་སློབ་མར་རྒྱུགས་སྤྲོད་གྲ་སྒྲིག་མཛུབ་ཁྲིད་བྱེད་པའི་གཞི་འཛིན་ས་གལ་ཆེན་དེ་རེད། 2017ལོའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་སྤྲོད་རྩ་གནད་བཟོ་བཅོས་ལས་དོན་དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ་ཟླ་5ཚེས་3ཉིན་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། 《རྒྱལ་ཁབ་ཀྱིས་གཅིག་གྱུར་བྱས་པའི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》གྱི་སྒྱུར་བཅོས་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱས་ནས། ཁྲིམས་འཛིན་རྒྱུགས་སྤྲོད་འོས་འདེམས་བཅའ་ཁྲིམས་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་ཚན་རིག་རང་བཞིན་དང་སྤྱི་མོས་ཐོབ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
          རྩ་གནད་བཟོ་བཅོས་ལས་དོན་དེས་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་རིག་པའི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་བསྐྱོད་པ་མཐའ་འཁྱོངས། ཡང་དག་པའི་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱ་རྒྱུ་དང་། ཁྲིམས་སྐྱོང་ལག་ལེན་ནུས་པ་འབུར་དུ་ཐོན་པར་བྱས་ཏེ་རྨང་གཞིའི་རང་བཞིན་དང་། ཕྱོགས་བསྡུས་ཀྱི་རང་བཞིན། བེད་སྤྱོད་ཀྱི་རང་བཞིན་བཅས་ནན་བཤད་བྱས་ནས། རྒྱུགས་སྤྲོད་སློབ་མས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་དང་ཁྲིམས་སྐྱོང་གི་འདུ་ཤེས་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་གཙོ་གནད་རྟོག་ཞིབ་བྱ་རྒྱུ། ཀུན་སྤྱོད་དང་བཅའ་ཁྲིམས་གཉིས་ཀར་མཐོང་ཆེན་བྱས་ཏེ་བཅའ་ཁྲིམས་ལས་རིགས་ཀྱི་ཀུན་སྤྱོད་ལ་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་བཅའ་ཁྲིམས་ཀྱི་དད་སེམས་དང་ལས་རིགས་ཀྱི་སྤྱོད་ལམ་ལེགས་སུ་གཏོང་རྒྱུ་བཅས་རེད།
          2016ལོ་དང་བསྡུར་ན་2017ལོའི་ཁྲིམས་འཛིན་རྒྱུགས་སྤྲོད་རྩ་གནད་ཀྱི་སྤྱིའི་སྒྲོམ་གཞིར་འགྱུར་ལྡོག་མི་གཏོང་བའི་རྨང་གཞིའི་ཐོག་གཙོ་བོ་གཤམ་གསལ་གྱི་འགྱུར་ལྡོག་བཏང་བ་སྟེ། གཅིག་ནས་རྩ་ཁྲིམས་ལག་ལེན་བསྟར་བར་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་ཆེད། རྩ་ཁྲིམས་ཀྱི་ཚན་པའི་ནང“དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞུང་ལས་མི་སྣའི་ལས་ཞུགས་དམ་བཅའ་འཇོག་པའི”རྒྱུགས་སྤྲོད་ནང་དོན་གཙོ་བོ་བསྣན་པ་དང་། གཉིས་ནས་《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་》ལག་བསྟར་དོན་འཁྱོལ་བྱ་ཆེད། དམངས་ཁྲིམས་ཀྱི་ཚན་པའི་འབྲེལ་ཡོད་ལེ་ཚན་ནང་དོན་དང་རྒྱུགས་སྤྲོད་ནང་དོན་གཙོ་བོ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་》གྱི་གཏན་འབེབས་དང་གཅིག་གྱུར་ཡོང་བའི་འགན་ལེན་བྱས་པ། གསུམ་ནས་ཁྲིམས་འཛུགས་དང་ཁྲིམས་འཛིན་ལག་ལེན་འཕེལ་རྒྱས་ལ་གཞིགས་ཏེ་ཁྲིམས་འཛིན་ལམ་ལུགས་དང་བཅའ་ཁྲིམས་ལས་རིགས་ཀུན་སྤྱོད་དང་། ཉེས་དོན་གཏུག་བཤེར་བཅའ་ཁྲིམས། སྲིད་དོན་བཅའ་ཁྲིམས་། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས། དམངས་དོན་གཏུག་བཤེར་བཅའ་ཁྲིམས། ཚོང་ལས་བཅའ་ཁྲིམས་སོགས་ཚན་པའི་རྒྱུགས་སྤྲོད་ནང་དོན་གཙོ་བོར་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ། 2017ལོའི་ཟླ་3པའི་ཟླ་མཇུག་གོང་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་ཚུལ་ལ་གཞིགས་ཏེ་རྩ་གནད་ཀྱི་ཞར་བྱུང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དཀར་ཆག་ལ་བབ་མཚུངས་ཀྱི་སྣོན་འཕྲི་བྱས་པ། བཞི་ནས་རྒྱུགས་སྤྲོད་གསལ་བཤད་ནང་ཚོད་ལྟའི་རྒྱུགས་ར་མང་པོ་ཞིག་ཏུ་གློག་ཀླད་ནས་རྒྱུགས་ལན་འདེབས་པའི་བྱ་ཐབས་སྤྱོད་རྒྱུ་ཁ་གསལ་བཏོན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།