འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་དྭངས་གཙང་ནུས་རྒྱུའི་དྲོད་ལེན་ལ་ཚན་རིག་དང་
    མཐུན་པའི་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན་རྒྱལ་ཁབ་ནུས་རྒྱུ་ཅུས་གློག་ཤུགས་སིའི་སྐོར་གཟིགས་པ་གཞོན་པ་ཀུའོ་ཝུའེ་ཡིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱང་རྒྱུད་ས་ཁུལ་གྱི་དགུན་དུས་དྭངས་གཙང་ནུས་རྒྱུའི་དྲོད་ལེན་འཆར་འགོད་རྩོམ་སྒྲིག་བྱེད་བཞིན་ཡོད། རང་བྱུང་སོལ་རླངས་དང་། གློག ས་འོག་ཚ་ནུས། ཉི་ནུས། བཟོ་ལས་ཚ་ནུས་ལྷག་མའི་དྲོད་མཁོ་འདོན། རྡོ་སོལ་གཅིག་སྡུད་ཀྱི་དྲོད་མཁོ་འདོན་བཅས་གཙོ་གནད་ཁྱབ་གདལ་གཏོང་རྒྱུ་དང་། དྭངས་གཙང་ནུས་རྒྱུའི་དྲོད་ལེན་ལ་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
            ཚེས་18ཉིན་ཀུའོ་ཝུའེ་ཡིས་པེ་ཅིང་དུ་འཚོགས་པའི་2017ལོའི་ཀྲུང་གོའི་དྭངས་གཙང་ནུས་རྒྱུའི་དྲོད་མཁོ་འདོན་དབུ་ཚོགས་ཐོག་འཆར་འགོད་དེ་ལས་མ་དངུལ་རྒྱབ་སྐྱོར་དང་། རིན་གོང་ལམ་སྲོལ། གློག་ཤུགས་ཐད་ཀར་ཉོ་ཚོང་། ནུས་རྒྱུ་མཁོ་འདོན་འགན་ལེན། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས། ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ། ལག་རྩལ་སྒྲིག་ཆས། ཐོན་ལས་མ་ལག་འཛུགས་སྐྲུན་སོགས་ཕྱོགས་མང་གི་རྒྱབ་སྐྱོར་འགན་ལེན་བྱ་ཐབས་ཆ་ཚང་བཟོ་རྒྱུ་དང་འབྲེལ། རྒྱལ་ཁབ་དང་། ས་གནས། ཁེ་ལས་བཅས་ཀྱིས་དྭངས་གཙང་ནུས་རྒྱུའི་དྲོད་ལེན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་ཀྱི་འགན་ནུས་དང་ལས་འགན་ཡང་ཁ་གསལ་བཟོ་རྒྱུ་རེད་ཅེས་བཤད།
           ཀུའོ་ཝུའེ་ཡིས་འཆར་འགོད་འདིར་ཐབས་ཇུས་ལ་སྐུལ་འདེད་གཏོང་བའི་ཐད་ཚ་ནུས་དྲ་བའི་མ་ལག་གི་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་དྲོད་ལེན་ཟད་གྲོན་ཆུང་དུ་གཏོང་རྒྱུ་བཏོན་པ་དང་། གཞན་ཡང་ཁ་ཐོར་དུ་རྡོ་སོལ་བཏང་ནས་དྲོད་ལེན་པའི་རིགས་གྲོང་གསེབ་ཏུ་གཅིག་སྡུད་ཡིན་པའི་གནད་དོན་ཐག་གཅོད་བྱ་ཆེད། འཆར་འགོད་དེས་གྲོང་གསེབ་ས་ཁུལ་གྱི་དྭངས་གཙང་ནུས་རྒྱུའི་དྲོད་ལེན་ལ་དམིགས་སུ་ལས་ཀའི་བླང་བྱ་དང་དམིགས་སའི་རང་བཞིན་གྱི་བྱ་ཐབས་འདོན་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།