འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གཉིས་ཀྱིས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འབྲུབ་ཆུ་རྒྱས་ཚུན་ལྷོ་ཕྱོགས་ཀྱི་ས་ཁུལ་དུ་དྲག་ཆར་མང་པོ་བབས་པའི་གནམ་གཤིས་བསྟན་ནས་ཆུ་བོ་ཁག་གཅིག་ཉེན་ཟོན་གྱི་ཚད་ལས་བརྒལ་ནས་ཆུ་ལོག་བྱུང་ཡོད། ཉེ་དུས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། ས་ཁུལ་ཁག་གིས་གནོད་འཚེ་དང་ཉེན་ཁའི་དོ་དམ་འདུ་ཤེས་ཟབ་ཏུ་བཏང་སྟེ། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། རི་ཁུལ་དུ་གནས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
            ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པར། སྔོན་འགོག་གཙོ་བོར་བྱེད་པའི་ཁར་སྔོན་འགོག་དང་། གེགས་སེལ། རྒུད་སྐྱོབ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས། སྡེ་ཚན་གཉིས་པོས་ས་གནས་ཁག་གིས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་སྒྲིག་ཆས་དང་མང་ཚོགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་མ་ལག་གི་རང་བཤེར་བརྟག་དཔྱད་ལེགས་གྲུབ་ལ་དམ་འཛིན་བྱས་ནས“འཕྲེད་ཀྱི་མཐའ་ཟིན་པ་དང་། གཞུང་གི་མཐིལ་ཐུག་པ། ཁུག་ཀྱོག་མི་ལུས་པ། སྲུབས་ཀ་མེད་པ”བཅས་ཀྱི་ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཆབས་ཅིག ཆུ་ལོག་གི་གནོད་འཚེ་ཁུལ་དང་ས་གཤིས་ཀྱི་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལྡན་པའི་ས་གནས་ཀྱི་ཁྱབ་ཚུལ་དང་ཁྱབ་ཁོངས་དང་དེ་བཞིན་དེ་མཚུངས་ཀྱི་སྔོན་འགོག་བྱ་ཐབས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། དུད་ཚང་མི་རེ་ངོ་རེར་གསལ་རྟོགས་གཱ་བཟོས་ནས་སྤྲོད་དགོས་པ་མ་ཟད། ཉེན་ཁ་ཆེ་ཁུལ་དང་། བདེ་འཇགས་ཁུལ། གནས་སྤོའི་ལམ་ཐིག་ཐོག་མངོན་ཆེ་བའི་གཏན་འཇགས་ཀྱི་མཚོན་རྟགས་སྒེར་དགོས། ཉེན་བརྡའི་ཆ་འཕྲིན་འབྱོར་བའམ་ཡང་ན་ཆུ་འོག་དང་ས་གཤིས་གནོད་འཚེའི་སྔ་ལྟས་ཡོད་སྐབས་འཕྲལ་མ་ཉིད་དུ་མང་ཚོགས་སྒྲིག་འཛུགས་བྱས་ནས་ཉེན་ཡོད་ཁུལ་ནས་ཕྱིར་འཐེན་དང་། ལྷག་པར་དུ་མི་ཧྲེང་རྒན་རྒོན་དང་དེ་བཞིན་ཉམས་ཞན་བུད་མེད་དང་བྱིས་པའི་ཉེན་གཡོལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
           བརྡ་ཐོའི་ནང་ས་གནས་ཁག་གིས་རིམ་པ་བཞིན་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་བྱས་ནས་རྫོང་གིས་ཤང་འགན་གཙང་ལེན་པ་དང་། ཤང་གིས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོས་ཚོགས་ཆུང་འགན་གཙང་ལེན་པ། ཏང་ཡོན་ལས་བྱེད་པས་མང་ཚོགས་འགན་གཙང་ལེན་པའི་དྲ་མིག་ཅན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་མ་ལག་གཞིར་བཟུང་། ཆུ་ལོག་གི་གནོད་འཚེའི་ཉེན་ཡོད་ཁུལ་དང་ས་གཤིས་ཀྱི་གནོད་འཚེའི་མི་མངོན་པའི་གནས་གང་སར་འགན་འཁྲི་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།