འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གོ་ལ་ཧྲིལ་པོའི་ཇ་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མིག་སྔར་རང་རྒྱལ་གོ་ལ་ཧྲིལ་པོའི་ཇ་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་དང་ཇ་ལོ་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། 2016ལོར་ཀྲུང་གོའི་ཇ་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་287ཟིན་པ་དང་། ཐོན་འབོར་ཏུན་ཁྲི་240ཟིན་པ། འདེབས་འཛུགས་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་པ། འཛད་སྤྱོད་བྱེད་ཚད་ཏུན་ཁྲི་200ལས་བརྒལ་ཡོད་པ་རེད།
           ཚེས་18ཉིན་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཀྲུང་གོའི་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཐོག་གོང་གསལ་གནས་ཚུལ་དག་བཤད་པ་རེད།
         རང་རྒྱལ་ནི་ཇའི་ཕ་ཡུལ་ཡིན་ལ་ཇའི་རིག་གནས་དར་ཡུལ་ཡང་རེད། ཧན་ཁྲང་ཧྥུའུ་ཡིས་ལོ་5000ཡི་གོང་ནས་ཀྲུང་གོ་བས་ཇ་ལོ་སྤྱོད་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་གནའ་བོའི་དར་གོས་ཚོང་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ཐོན་རྫས་ཤིག་ཡིན་པའི་ཇ་ལོ་དེ་ཡང་ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་དབར་སྤེལ་རེས་དང་མཉམ་ལས་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ལོ་མང་རིང་རང་རྒྱལ་དུ་འབྲི་ཆུ་རྒྱུག་ཁུལ་དབུས་སྨད་ཀྱི་སྤུས་ལེགས་ཇ་ལྗང་དང་། ཤར་ལྷོའི་མཚོ་རྒྱུད་ཀྱི་སྤུས་ལེགས་ཇ་ཝུའུ་ལུང་། འབྲི་ཆུ་རྒྱུག་ཁུལ་དབུས་སྟོད་ཀྱི་ཁྱད་ལྡན་ཇ་ལྗང་། ལྷོ་ནུབ་ཀྱི་ཇ་པ་ཏི་དང་ཐུན་མོང་མ་ཡིན་པའི་ཇ་སོགས་ལེགས་ལྡན་ས་ཁོངས་ཆེན་པོ་4ཆགས་ཡོད་ལ་རང་རྒྱལ་ཡང་འཛམ་གླིང་ཐོག་གི་ཇ་ལྗང་དང་། ཇ་པ་ཏི། ཇ་སྔོན། ཇ་ནག ཇ་དཀར། ཇ་སེར་བཅས་ཇ་རིགས་6ཐོན་སྐྱེད་བྱེད་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།