འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《ཀྲུང་གོའི་གླུ་སྒྲ་གསར་པ་》ཡི་རྒྱལ་ཡོངས་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་
    འགྲན་བསྡུར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《ཀྲུང་གོའི་གླུ་སྒྲ་གསར་པ་》ཡི་རྒྱལ་ཡོངས་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་
འགྲན་བསྡུར་བྱེད་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་གྱི་སྔ་དྲོར། ཐེངས་གཉིས་པའི་《ཀྲུང་གོའི་གླུ་སྒྲ་གསར་པ་》ཡི་རྒྱལ་ཡོངས་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་སྣེའུ་གྲོང་གསར་གྱི་གར་རྩེད་ལོ་•ཨའོ་ཐེ་ལའེ་སི་ཐང་ཆེན་དུ་བྱེད་འགོ་ཚུགས་ཤིང་།  རོལ་མོ་བཟོ་མཁན་གྲགས་ཅན་དབང་འདུས་དང་། གཞོན་སྐྱེས་གཞས་མ་གྲགས་ཅན་ཚེ་རིང་གཡང་འཛོམས། གངས་རིའི་སྙན་དབྱངས་དྲ་བའི་པད་མ་གསུམ་ཞིབ་དཔྱད་ཨུ་ཡོན་དུ་ཕེབས་ཡོད་པ་རེད། ཆུ་ཚོད་གསུམ་རིང་གི་ཛ་དྲག་འགྲན་བསྡུར་ཁྲོད། འགྲན་ཞུགས་པ་35ལ་ཕུལ་དུ་བྱུང་བའི་གར་སྟེགས་ཉམས་འགྱུར་ལས་གདེང་འཇོག་ཡག་པོ་ཐོབ་ཡོད་ལ། འགྲན་ཞུགས་པ་7ནི་རྟིང་རྩོད་ཕྱེད་མའི་འགྲན་བསྡུར་ནང་འཕར་ཐུབ་པ་རེད།
            ཤེས་རྟོགས་བྱུང་གསལ་དུ། ཐེངས་གཉིས་པའི་《ཀྲུང་གོའི་གླུ་སྒྲ་གསར་པ་》ཡི་རྒྱལ་ཡོངས་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་དུ་ཞུགས་མཁན་མི་200ལྷག་ཙམ་ཡོད་ལ། ཁྱོན་བསྡོམས་འགྲན་བསྡུར་ཐེངས་བདུན་བྱེད་དགོས་ཤིང་། འགྲན་ཐེངས་བདུན་གྱི་ནང་དུ། ཡོངས་འདེམས་འགྲན་བསྡུར་བཞི་དང་། བསྐྱར་ལོག་འགྲན་བསྡུར་གཅིག  རྟིང་རྩོད་ཕྱེད་མའིའགྲན་བསྡུར། རྟིང་རྩོད་འགྲན་བསྡུར་བཅས་བཞི་ཡང་འདུས་ཡོད་པ་རེད། མཇུག་མཐར། འགྲན་ཞུགས་པ་30རྟིང་རྩོད་ཕྱེད་མའི་འགྲན་བསྡུར་ལ་ཞུགས་རྗེས་འགྲན་ཞུགས་པ་10རྟིང་རྩོད་འགྲན་བསྡུར་དུ་འཕར་ཐུབ་པ་རེད།
           ཐེངས་འདིའི་འགྲན་བསྡུར་དུ། རང་སྐྱོང་ལྗོངས་ནང་ཁུལ་གྱི་རོལ་མོའི་ལས་རིགས་ཀྱི་མི་སྣ་གྲགས་ཅན་ཚོ་ཞིབ་དཔྱད་ཨུ་ལྷན་དུ་གདན་ཞུ་གནང་ཡོད་ལ། འགྲན་བསྡུར་དེ་འདྲ་མཉམ་དང་དྲང་བཞག་ཡོང་ཆེད། ཞིབ་དཔྱད་ཨུ་ཡོན་ཚོས་རྒྱན་ལེན་པའི་ངང་དཔྱད་འདེམས་བྱ་ཐབས་ལག་བསྟར་བྱས་ཡོད་པ་རེད། ཞིབ་དཔྱད་ཨུ་ལྷན་གྱི་ཁྲོད་དུ་གླུ་བ་གྲགས་ཅན་པ་སངས་དང་། བོད་ཀྱི་དར་ཁྱབ་ཆེ་བའི་གཞས་པ་ཚེ་རིང་བསམ་གྲུབ་གཉིས་ཀྱང་ཕེབས་ཡོད་པ་རེད།
    ༄༅།།《ཀྲུང་གོའི་གླུ་སྒྲ་གསར་པ་》ཡི་རྒྱལ་ཡོངས་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་
འགྲན་བསྡུར་བྱེད་འགོ་ཚུགས་པ།
    ༄༅།།《ཀྲུང་གོའི་གླུ་སྒྲ་གསར་པ་》ཡི་རྒྱལ་ཡོངས་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་
འགྲན་བསྡུར་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།