འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་18སོན་པའི་དུས་སུ་རྒྱ་རིགས་དང་བོད་རིགས་སློབ་མས་ལག་ཏུ་རྩ་ཁྲིམས་དེབ་ཁྱེར་ནས་
    མི་རིགས་མཐུན་སྒྲིལ་གྱི་གཞོན་ནུ་ཡག་པོ་བྱེད་རྒྱུའི་དམ་བཅའ་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་18སོན་པའི་དུས་སུ་རྒྱ་རིགས་དང་བོད་རིགས་སློབ་མས་ལག་ཏུ་རྩ་ཁྲིམས་དེབ་ཁྱེར་ནས་
མི་རིགས་མཐུན་སྒྲིལ་གྱི་གཞོན་ནུ་ཡག་པོ་བྱེད་རྒྱུའི་དམ་བཅའ་བཞག་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པས་སློབ་གྲྭ་དེའི་ལོ་18ལ་སོན་པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་137དང་རྒྱ་རིགས་སློབ་མ་221ལ“མི་ཚེའི་གཏམ་རྒྱུད་གླེང་། ཕུགས་འདུན་འགྲུབ་རྒྱུར་བརྩོན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ན་སོ་དར་ལ་བབས་པའི་གུས་སྲོལ་གཉེར་བ་དང་འབྲེལ་ལོ་18ལ་སོན་པའི་རྒྱ་རིགས་དང་བོད་རིགས་ཀྱི་གཞོན་ནུར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》སྤྲད་པ་རེད། རྒྱ་རིགས་དང་བོད་རིགས་ཀྱི་གཞོན་ནུས་ལག་ཏུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཁྱེར་ནས་དཔུང་པ་མཉམ་གཤིབ་ཀྱིས་རྒྱལ་དར་ལ་ཕྱོགས་ནས་རྩ་ཁྲིམས་གོང་བཀུར་དང་། རྩ་ཁྲིམས་ཤེས་རྟོགས། རྩ་ཁྲིམས་ལ་བརྩི་འཇོག་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཞོན་ནུ་ཡག་པོ་དང་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱི་དམངས་ཡག་པོ་ཞིག་བྱེད་རྒྱུའི་དམ་བཅའ་བཞག་པ་རེད།
           ཧོ་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་ནི་བོད་དུ་སྐད་གྲགས་ཡོད་པའི་ནང་སའི་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གྲྭ་དེའི་བོད་ལྗོངས་འཛིན་གྲྭ་2001ལོར་བཙུགས་པ་དང་། ད་ཆ་བོད་རིགས་དམའ་རིམ་སློབ་འབྲིང་འཛིན་གྲྭ་9(བོད་སྐྱོར་ལས་བྱེད་པའི་བུ་ཕྲུག་འཛིན་གྲྭ་3ཚུད)ཡོད་པ་དང་བོད་རིགས་སློབ་མའི་མཐོ་རིམ་སློབ་འབྲིང་འཛིན་གྲྭ་6ཡོད་པ་རེད། སློབ་གྲྭ་དེ་བཙུགས་ནས་ལོ་15སོང་ཚུན་བོད་ཀྱི་ས་གནས་ཁག་ནས་ཡོང་བའི་སློབ་མ་བསྡུས་ཡོད་པ་རེད། ལོ་10ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད་སློབ་གྲྭ་དེ་རྒྱལ་ཡོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭ་(སློབ་གྲྭ)རྩེ་གྲའི་གྲས་སུ་ཚུད་ནས་ཀུན་གྱི་བསྔགས་བརྗོད་ཐོབ་ནས“ཧོ་ཧྥེའི་བོད་ལྗོངས་འཛིན་གྲྭའི་རྣམ་པ”བཏོད་ཡོད།
    ༄༅།།ལོ་18སོན་པའི་དུས་སུ་རྒྱ་རིགས་དང་བོད་རིགས་སློབ་མས་ལག་ཏུ་རྩ་ཁྲིམས་དེབ་ཁྱེར་ནས་
མི་རིགས་མཐུན་སྒྲིལ་གྱི་གཞོན་ནུ་ཡག་པོ་བྱེད་རྒྱུའི་དམ་བཅའ་བཞག་པ།
      

    ཕྱོགས་བསྡུས་གསར་འགྱུར།