འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཏཱ་ཧྥང་རྫོང་ཁོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་ཞིག་ཏུ་སོལ་རླངས་
    འབར་གས་བྱུང་སྟེ་མི་12གྲོངས་པ་དང་མི་12ལ་རྨས་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀུའེ་ཀྲོའུ་ཏཱ་ཧྥང་རྫོང་ཁོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་ཞིག་ཏུ་སོལ་རླངས་
འབར་གས་བྱུང་སྟེ་མི་12གྲོངས་པ་དང་མི་12ལ་རྨས་ཕོག་པ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་གྱི་ཆུ་ཚོད་4དང་སྐར་མ་45སྐབས། ཆུ་ཚོད་14ཡི་རིང་འཚོལ་སྐྱོབ་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ་བརྒྱུད། ཀུའེ་ཀྲོའུ་ཞིང་ཆེན་ཏཱ་ཧྥང་རྫོང་ལིའུ་ལུང་གྲོང་རྡལ་དབྱིང་ཕན་གྲོང་ཚོ་རུ་འཛུགས་སྐྲུན་བྱེད་བཞིན་པའི་ཁྲེང་ཏུའུ་ནས་ཀུའེ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཆི་ཧྲན་ཡན་གྱི་ཕུག་ལམ་དུ་སོལ་རླངས་འབར་གས་འདྲ་པོ་ཞིག་བྱུང་བའི་ཡུལ་དངོས་སུ་འཚོལ་སྐྱོབ་ལས་དོན་མཇུག་བསྒྲིལ་ཞིང་། ལས་བྱེད་མི་སྣ་12གྲོངས་པ་དང་། རྨས་སྐྱོན་ཕོག་མཁན་12སྨན་ཁང་དུ་བསྐྱལ་རྗེས་ཚེ་སྲོག་གི་ཉེན་ཁ་ལས་ཐར་བ་རེད།
          གསར་འགོད་པས་ཀུའེ་ཀྲོའུ་ཞིང་ཆེན་ཏཱ་ཧྥང་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ་5ཚེས་2ཉིན་གྱི་ཆུ་ཚོད་14དང་སྐར་མ་50སྐབས། ཆི་ཧྲན་ཡན་གྱི་ཕུག་ལམ་དུ་སོལ་རླངས་འབར་གས་འདྲ་པོའི་དོན་རྐྱེན་ཞིག་བྱུང་བ་རེད། དོན་རྐྱེན་བྱུང་རྗེས། ཡུལ་དངོས་སུ་འཕྲལ་སྡོམ་མྱུར་སྐྱོབ་བཀོད་འདོམས་པུའུ་བཙུགས་ནས་ཁྱོན་བསྡོམས་མེ་གསོད་མེ་འགོག་དཔོན་དམག་དང་། གཏེར་ཁུང་གི་མྱུར་སྐྱོབ་མི་སྣ། སྨན་བཅོས་མི་སྣ་བཅས་མི་གྲངས་2000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མྱུར་སྐྱོབ་ལས་དོན་སྤེལ། མྱུར་སྐྱོབ་རུ་ཁག་གིས་ཕུག་ལམ་ནང་གི་སོལ་རླངས་གར་ཚད་མཐོ་བ་དང་། རྡུལ་ཟེགས་མང་བ། མཐོང་ལམ་རབ་རིབ་ཡིན་པ་སོགས་ཀྱི་དཀའ་ངལ་སེལ་ཏེ་ཕུག་ལམ་ནང་དུ་སོལ་རླངས་ཚད་ལེན་བརྟག་དཔྱད་དང་། དུག་རླངས་ཕྱིར་འདོན། མི་སྣ་མྱུར་སྐྱོབ་བཅས་ཀྱི་ལས་དོན་སྤེལ་བ་རེད།
          ད་ལྟ། ཕུག་ལམ་ནང་དུ་སོལ་རླངས་འབར་གས་འདྲ་པོ་བྱུང་བའི་རྒྱུ་རྐྱེན་རྟོག་ཞིབ་དང་།རྗེས་མཇུག་ལས་དོན་སྒྲུབ་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། མི་སྣ་12གྲོངས་པ་དང་། དེའི་ནང་གི་མི་གསུམ་ནི་ཀུའེ་ཀྲོའུ་ནས་ཡིན་ལ། གཞན་དག་ནི་ཧུའུ་པེ་དང་། ཡུན་ནན་ཞིང་ཆེན་གཉིས་ནས་ཡིན་པ་རེད།
    ༄༅།།ཀུའེ་ཀྲོའུ་ཏཱ་ཧྥང་རྫོང་ཁོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་ཞིག་ཏུ་སོལ་རླངས་
འབར་གས་བྱུང་སྟེ་མི་12གྲོངས་པ་དང་མི་12ལ་རྨས་ཕོག་པ།
    ༄༅།།ཀུའེ་ཀྲོའུ་ཏཱ་ཧྥང་རྫོང་ཁོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་ཞིག་ཏུ་སོལ་རླངས་
འབར་གས་བྱུང་སྟེ་མི་12གྲོངས་པ་དང་མི་12ལ་རྨས་ཕོག་པ།
    ༄༅།།ཀུའེ་ཀྲོའུ་ཏཱ་ཧྥང་རྫོང་ཁོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་ཞིག་ཏུ་སོལ་རླངས་
འབར་གས་བྱུང་སྟེ་མི་12གྲོངས་པ་དང་མི་12ལ་རྨས་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།