འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་དུས་ཚིགས་དང་པོར་ཆུ་བེད་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་བརྒྱ་
    ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིཌ་ན། ཡུན་ནན་ཞིང་ཆེན་གྱིས་འདི་ལོའི་དུས་ཚིགས་དང་པོར་ཆུ་བེད་ལས་དོན་གྱི་འགོ་ཡག་པོ་ཞིག་བཙུགས་པ་དང་། རིམ་རྩིས་བྱས་ན་ཆུ་བེད་ཐད་མ་འཇོག་སྒོར་དུང་ཕྱུར་111.1བྱས་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་20.44མང་དུ་ཕྱིན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཆུ་བེད་ལས་དོན་གྱི་འགོ་ཡག་པོ་ཞིག་བཙུགས་ཡོད་ཀྱང་མིག་སྔར་ཆུ་བེད་ལས་དོན་ལ་སྔར་བཞིན་དཀའ་ངལ་དང་གནད་དོན་ཁག་གཅིག་འཕྲད་པ་སྟེ། ཆུ་བེད་འབྲུབ་འགོག་ཐན་འགོག་དང་གནོད་འཚེ་ཉུང་གཏོང་ལས་འགན་ལྕི་པོ་ཡོད་པ་དང་། མ་འཇོག་ལག་བསྟར་བྱེད་ཚད་དོ་སྙོམས་མེད་པ། མ་དངུལ་འཇོག་པ་དང་བསྡུ་སྒྲིལ་སོགས་ཀྱི་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་དཀའ་བ་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།