འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ལ་ཀྲུང་གོ་ཁྱབ་སྤེལ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         —— ཀྲུང་གོ་དང་ནུབ་ཕྱོགས་ཀྱི་མཁས་དབང་གིས“རྒྱུད་གཅིག་ལམ་གཅིག”གི་ཁྱབ་ཁོངས་སུ་ཇི་ལྟར་བྱས་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུའི་སྐོར་ལ་གྲོས་བསྡུར་གཏིང་ཟབ་བྱས་པ།
          ཟླ་4ཚེས་30ཉིན་གྱི་ཞོགས་པ། དབྱི་ཐ་ལིའི་པོ་ལུའོ་ཉི་ཡའི་ཁྲོམ་གཞུང་རྙིང་པ་དེ་སྔར་བཞིན་འཇམ་ཐིང་ངེར་གནས་པ་དང་། ཁྲོམ་གཞུང་དེའི་གྲོས་ཁང་ཞིག་ནང་ཇི་ལྟར་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་ཚིག་སྦྱོར་སྤྱོད་ཡུལ་ཁྲོད་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུའི་སྐོར་ལ་རིག་གཞུང་བགྲོ་གླེང་ཚ་ཚ་འུར་འུར་ངང་བྱེད་བཞིན་མཆིས།
           ཟླ་4ཚེས་29དང་30ཉིན། སྐབས་གསུམ་པའི“འཛམ་གླིང་ལ་ཀྲུང་གོ་ཁྱབ་སྤེལ་གཏོང”ཞེས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པོ་ལུའོ་ཉི་ཡར་འཚོགས་ཤིང་། ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་དེ་པོ་ལུའོ་ཉི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་དང་ཀྲུང་གོ་མི་དམངས་སློབ་ཆེན་གསར་འགྱུར་སློབ་གླིང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“‘རྒྱུད་གཅིག་ལམ་གཅིག’དང་ཀྲུང་གོའི་གཏམ་རྒྱུད་ཤོད་རྒྱུ”དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཇི་ལྟར་བྱས་ནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་གཏོང་བའི་ཁྲོད་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་རིག་གནས་ཁྱབ་སྤེལ་ནུས་ལྡན་བཏང་ནས་ནུབ་ཕྱོགས་ཀྱི་རིག་གནས་དང་འཆམ་མཐུན་མཉམ་གནས་དང་སྐད་ཆ་ཤོད་རེས་ཐུབ་པ་བྱ་རྒྱུ་དེ་རེད།
           དུས་ཡུན་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་དང་། དབྱི་ཐ་ལི། ཨ་རི། སུའེ་ཙེར་སོགས་རྒྱལ་ཁབ་ཀྱི་མཁས་དབང་20ལྷག་ཙམ་གྱིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་ཕྱིར་ཕྱོགས་སྐད་ཆའི་མ་ལག་དང་། ལོ་རྒྱུས་རིག་པའི་ཞིབ་འཇུག གསར་འགྱུར་ཁྱབ་སྤེལ་དང་ཕྱིར་ཕྱོགས་རྒྱ་སྐད་སློབ་གསོ། སྨྱན་སྦྱོར་གསར་པའི་ལག་རྩལ་བཅས་ཁྱབ་སྤེལ་གཏོང་བའི་ཁྲོད་ཀྱི་ཀྲུང་གོའི་ནུས་པ་སོགས་ཀྱི་ལྟ་ཕྱོགས་ཐོག་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
          པོ་ལུའོ་ཉི་ཡ་སློབ་ཆེན་ཨེ་ཤེ་ཡ་ལས་དོན་གྱི་སློབ་སྤྱིའི་སྐུ་ཚབ་ཨེ་ཤེ་ཡ་ཤར་མའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ཧྥེ་ཨོ་ལིས“རྒྱུད་གཅིག་ལམ་གཅིག”ནི་དཔལ་འབྱོར་ཙམ་མིན་པར་རིག་གནས་ཀྱི་ཐོག་ནས་ཀྲུང་གོ་དང་དབྱི་ཐ་ལིའི་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་ནི་རིག་གནས་ཀྱི་སྤེལ་རེས་ལས་སྟེགས་ཡག་པོ་ཞིག་ཡིན་པས་དབྱི་ཐ་ལིའི་སློབ་གསོའི་ལས་རིགས་དང་མང་ཚོགས་ཚོས་ཀྲུང་གོ་སྔར་བས་ཤེས་རྟོགས་ཐུབ་རྒྱུ་རེད་ཅེས་བཤད།
         དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོའི་ཚན་ཙན་ལུའོ་ཕིང་གིས“ང་ཚོས་ཀྲུང་གོ་རང་ཉིད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་མ་ཟད། ‘རྒྱུད་གཅིག་ལམ་གཅིག’རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་གཏམ་རྒྱུད་སྔར་བས་མང་བ་ཤོད་རྒྱུ་དང་ཕྱི་རྒྱལ་གྱི་མཁས་དབང་སྔར་བས་མང་བ་གདན་དྲངས་ནས‘རྒྱུད་གཅིག་ལམ་གཅིག’གི་གཏམ་རྒྱུད་ཤོད་རྒྱུར་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱེད་པའི་བྱེད་སྟངས་ཐོག་ནས་ལྟ་ཕྱོགས་མི་འདྲ་བ་མངོན་པ་བྱས་ཏེ་རིག་གཞུང་གདོང་གཏུག་ཐད་ཆ་འཕྲིན་བརྒྱུད་སྤེལ་བྱ་རྒྱུ་དེ་སྔར་བས་དོན་དངོས་དང་མཐུན་པ་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།
         གདན་ཞུས་ལྟར་ཚོགས་འདུར་ཞུགས་པའི་ཕུ་ལང་ཆི་སི་ཁེར་དེའི་ཐད་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་ནི་བློ་འདྲི་བ་ཞིག་རེད་ལ་དབྱི་ཐ་ལིའི་དུས་དེབ་ཐོག་དབྱི་ཀྲུང་འབྲེལ་བའི་སྐོར་གྱི་རྩོམ་ཡིག་སྤེལ་མཁན་གྱི་གསར་འགོད་པ་ཞིག་ཀྱང་རེད། ཁོང་གིས་དབྱི་ཐ་ལིས་ཀྲུང་གོ་ད་དུང་ཤེས་རྟོགས་དེ་ཙམ་ཐུབ་ཀྱི་མེད་པས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་ནི་དགོས་གལ་ཆེན་པོ་ཞིག་རེད། “ཀྲུང་གོའི་ཁེ་ལས་མང་པོ་ཞིག་གིས་དབྱི་ཐ་ལིའི་ཀུང་སི་ཉོ་སྒྲུབ་བྱས་ནས་ཁོང་ཚོར་དཔལ་འབྱོར་གྱི་དཀའ་གནད་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད་པ་ངས་ཤེས་རྟོགས་ཐུབ་བྱུང་། གལ་སྲིད་ས་གནས་དེ་གའི་སྨྱན་སྦྱོར་དང་མཉམ་ལས་བྱས་ཏེ་གཏམ་རྒྱུད་དེ་ལྟ་བུ་གང་ལེགས་སྤེལ་ན། གཉིས་ཕན་གྱི་ཕན་འབྲས་ཐོན་རྒྱུར་ཡིད་ཆེས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།