འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱི་ཙུང་ཐུང་གིས"རྒྱུད་གཅིག་ལམ་གཅིག"ལས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་
    ས་ཁུལ་གྱི་ཁྲོམ་རའི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཚོགས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་སྐབས་གསུམ་ཅུ་པ་མཇུག་སྒྲིལ་རྗེས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཨར་ཐེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཕན་ཐོགས་ཡོད་ལ། ས་ཁུལ་དེའི་ཁྲོམ་རའི་གཞི་ཁྱོན་ཡང་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།
            ཚེས་29ཉིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱི་གསར་འགོད་པས་ཏུའུ་ཐེར་ཐེ་ལ“རྒྱུད་གཅིག་ལམ་གཅིག”ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནས་བབ་སྐོར་འདྲི་སྐབས་ཁོང་གིས“རྒྱུད་གཅིག་ལམ་གཅིག”དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་ཡོད། གང་ལ་ཤེ་ན་གྲོས་འགོ་དེ་ཨེ་ཤེ་ཡ་ནས་བཏོན་པས་རེད་ཅེས་བཤད་པ་རེད།
           འདི་ལོའི་ཟླ་བ་བཞི་པར་ཧྥི་ལི་ཕིན་སྲིད་གཞུང་གིས“འཛུགས་སྐྲུན་ཆེན་པོ་དང་དམིགས་བསལ་འཛུགས་སྐྲུན”ཞེས་པའི་གཞི་ཁྱོན་ཆེ་བའི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་འཆར་གཞི་ཞིག་དངོས་སུ་བཏོན་ནས་ལོ་དྲུག་ནང་ཚུན་དུ་མ་དངུལ་པི་སོ་དུང་ཕྱུར་ཁྲི་8.4(ཨ་སྒོར་དུང་ཕྱུར་1672ཙམ)བཏང་ནས་རྒྱལ་ཡོངས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་རེད། མིག་སྔར་ལས་འགོ་ཚུགས་པའམ་ཡང་ན་གྲ་སྒྲིག་བྱེད་བཞིན་པའི་རྣམ་གྲངས་30ལས་བརྒལ་ཡོད། ས་གནས་དེ་གའི་དབྱེ་ཞིབ་མི་སྣས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཐད་ཀྲུང་གོ་དང་ཧྥི་ལི་ཕིན་ལ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།