འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་ས་ཆ་འགའ་ཞིག་གི་གད་སྙིགས་ཐག་གཅོད་ཡག་པོ་མ་ཐུབ་པ་དང་། གྲོང་ཚོའི་ནང་གི་སྤྱི་པའི་སྒྲིག་བཀོད་ཁ་ཐང་བ། སྡོད་མལ་ཁོར་ཡུག་ཞན་པ་སོགས་ཀྱི་སྣང་ཚུལ་ད་ལྟ་སྔར་བཞིན་གནས་ཡོད། ཉེ་ཆར་གསར་འགོད་པས་ཀོང་ཏུང་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། 2017ལོ་ཚུན་གྱི་ལོ་གསུམ་ནང་ཀོང་ཏུང་གིས་སྒོར་དུང་ཕྱུར་17.76བཏང་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་གི་ནོར་སྲིད་བྱ་དགའི་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་གི“ཞན་ཆ”མགྱོགས་མྱུར་གསབ་རྒྱུ་ཡིན་པ་རེད།
         ཀོང་ཏུང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ནོར་སྲིད་བྱ་དགའི་ཁ་གསབ་ནང་ཡོངས་ཁྱབ་རང་བཞིན་གྱི་ཚད་ལོན་བྱ་དགའི་ཁ་གསབ་དང་འཕར་སྣོན་རང་བཞིན་གྱི་སྔོན་ཐོན་བརྩོན་ལེན་གྱི་བྱ་དགའི་ཁ་གསབ་གཉིས་ཚུད་ཡོད། དེའི་ནང་ཀོང་ཏུང་གི་ཤར་ནུབ་བྱང་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ཁོངས་གཏོགས་རྫོང་(གྲོང་ཁྱེར་དང་ཆུས་)དང་རང་བྱུང་གྲོང་ཚོར་བཅོས་སྐྱོང་བྱེད་ཚད་ཆ་སྙོམས་ཆུ་ཚད་ལ་སླེབས་རིགས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)རེར་ཡོངས་ཁྱབ་རང་བཞིན་གྱི་བྱ་དགའི་ཁ་གསབ་སྒོར་ཁྲི་400སྤྲོད་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས་)གི་རང་བྱུང་གྲོང་ཚོའི་སྡོད་མལ་ཁོར་ཡུག་ཕུལ་བྱུང་ཚད་གཞིར་སླེབས་རིགས་ལ་སྒོར་ཁྲི་800དང་། སྒོར་ཁྲི་500 སྒོར་ཁྲི་300བཅས་ཀྱི་བྱ་དགའི་ཁ་གསབ་སྤྲད་ནས་སྤྱི་ཚོགས་དང་མང་ཚོགས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ། 2018ལོར་སླེབས་སྐབས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ས་ཁུལ་གྱི་རང་བྱུང་གྲོང་ཚོའི་སྡོད་མལ་ཁོར་ཡུག་ཚང་མར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ཀོང་ཏུང་གི་ཤར་ནུབ་བྱང་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱིས་དམིགས་ཚད་ལས་འགན་80%ཡན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།